དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་གྱིས་བོད་ཀྱི་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-05-15

    518648_yis_1621008000000_s.jpg

    ཚེ་རིང་བདེ་སྐྱིད་ཀྱིས་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་གི་ཐོག་སོ་གཉིས་པ་ནས་རྒྱང་རིང་གི་ཡུལ་ལྗོངས་ལ་ལྟ་བཞིན་པ།

    ལོ་གསུམ་གོང་ཚེ་རིང་བདེ་སྐྱིད་ཀྱིས་བློ་ཁོག་ཆེན་པོས་ལས་གནས་བརྟན་པོ་ལས་དོན་ཏེ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་པའི་ཐག་བཅད།

    ད་ཆ་ལོ་44ལ་སླེབས་པའི་ཁོང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ཡོད། 2019ལོའི་ཟླ་5པར་མགྲོན་ཁང་སྒོ་ཕྱེ་བ་དང་། ལོ་ཕྱེད་ཁོ་ནར་ཡོང་འབབ་སྒོར་ཁྲི་20བྱུང་ཡོད། འདས་མ་ཐག་པའི“ལྔ་གཅིག”གུང་གསེང་རིང་། ཚེ་རིང་བདེ་སྐྱིད་ཀྱི་ཁྱིམ་དུ་ཧ་ལམ་ཉིན་ལྟར་འགྲུལ་པས་ཁེངས་ཡོད།

    ཉེ་བའི་ལོ་ཤས་རིང་བོད་ཡོངས་སུ་ཁྱིམ་ཚང་མགྲོན་ཁང་2377ཟིན་ཞིང་། A5རིམ་པའི་མཛེས་ལྗོངས་ཁུལ་བྲག་གསུམ་མཚོའི་འགྲམ་དུ་ཆགས་པའི་བྱེ་པ་གྲོང་ཚོར་མཚོན་ན་ཀོང་པོའི་གནའ་གྲོང་གི་སྲོལ་རྒྱུན་རྣམ་པ་རང་སོར་བཞག་ཡོད་པས། ཡུལ་སྐོར་བ་མང་པོས་དགའ་པོ་བྱེད་ཀྱི་ཡོད། གྲོང་ཚོ་ཡོངས་ཀྱི་དུད་ཚང་173ནས་དུད་ཚང་40ལྷག་ཙམ་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བཞིན་ཡོད་པ་དང་། མིག་སྔར་མི་རེའི་ལོའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་གྱི་ཡོད།

    ཁྱིམ་ཚང་མགྲོན་ཁང་ལ་དགའ་པོ་འདི་འདྲ་བྱེད་དོན་ནི་དེར་དམངས་སྲོལ་དང་ཕྱི་རོལ་གྱི་སྤྲོ་སྣང་ཡོད་པས་རེད། ཐུན་མིན་གྱི་ཁྱད་ཆོས་ལྡན་པའམ་ཡང་ན་ཁྱིམ་དུ་སླེབས་པ་ལྟ་བུའི་ཁོར་ཡུག་ཏུ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་དང་གངས་འཁྱགས་ཀྱིས་བཀླུབས་པའི་རང་བྱུང་ཁམས་དང་ཉེ་བར་བཅར་བ་ནི་ཡུལ་སྐོར་བ་མང་པོས་འཚོལ་ཞིབ་བྱེད་པའི་ཡུལ་སྐོར་གྱི་མྱོང་རོལ་ཞིག་རེད།

    འོན་ཀྱང་ད་ཆ་ཡུལ་སྐོར་བའི་མིག་ལམ་དུ་འཆར་བའི་ཐུན་མིན་གྱི་མཛེས་ལྗོངས་ཁག་གཅིག་ནི་ལོ་རྒྱུས་ཀྱི་གནས་སྟངས་གཞན་ཞིག་འོག་དེ་སྔ་ཐག་རིང་ཡུལ་སྐོར་བ་ཚོར་འགོག་རྐྱེན་བཟོ་བའི་དཀའ་གནད་ཅིག་རེད།

    ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ནི་ད་ཆ་བོད་ཤར་རྒྱུད་རི་ཁུག་གི་ཆུ་ཚན་སྤྲོ་གསེང་བྱ་ཡུལ་གྲགས་ཅན་ཞིག་ཡིན་པས། ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་འཁྲུག་ཆ་དོད་ལ་དེ་སྔ་ཇ་རྟའི་ཚོང་ལམ་གྱི་གནའ་བོའི་ས་ཚིགས་ཤིག་ཀྱང་རེད། འོན་ཀྱང་དེ་སྔ་རི་མཐོ་གཡང་གཟར་གྱི་ཇ་རྟའི་ཚོང་ལམ་གྱི་འགྲིམ་འགྲུལ་གནས་ཚུལ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་ཤར་གཏོང་ཐུབ་ནས་བོད་ཀྱི་གཞུང་ལམ་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་རྒྱ་ཆེ་རུ་ཕྱིན་པ་མ་ཟད། “གཞུང་ལམ་མཛེས་ཤོས་318”སོགས་འགྲིམ་འགྲུལ་མ་ལམ་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་རབ་དང་རིམ་པ་ཡང་དེ་དང་བསྟུན་ནས་སྐད་གྲགས་ཆོད་ཡོད།

    དེ་སྔ་མངོན་གསལ་དོད་པོ་དེ་ཙམ་མེད་པའི་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་ད་ཆ་ཀུན་གྱིས་དགའ་པོ་བྱེད་པའི“དྲ་ཐོག་གྲགས་ཅན”དུ་གྱུར་ཡོད།

    ལོ་དགུའི་གོང་བོད་དུ་ཡུལ་སྐོར་ལ་ཡོང་མྱོང་བའི་པེ་ཅིང་གི་མཁྱེན་ལྡན་མ་ལི་ལགས་བོད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་འཕེལ་རྒྱས་ལ་ཧང་སངས་ཡོད། སྐབས་དེ་དུས་ཁོང་དང་གྲོགས་མོ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་དུ་ཡུལ་སྐོར་ལ་སྐྱོད་སྐབས་དགོང་མོ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་དུ་བསྡད་པ་རེད། འོན་ཀྱང་སྐབས་དེ་དུས་ཁང་པ་བཞའ་ཚན་ཆེ་བ་དང་གློག་ཀྱང་བརྟན་པོ་མེད་ཁར། མི་ཁ་ཤས་མཉམ་དུ་ས་ཁྲིའི་ཐོག་ཉལ་དགོས་པས་གཟུགས་པོ་འཁྲུ་བ་ནི་དེ་བས་རྒྱས་སྤྲོས་ཤིག་རེད། འོན་ཀྱང་ཡུལ་ལྗོངས་མཛེས་པའི་དབང་གིས་མཁྱེན་ལྡན་མ་ལི་ལགས་ཀྱིས་སྡོད་སའི་ཆ་རྐྱེན་ལ་སྣང་བ་མ་བཞག

    འདི་ལོ་མཁྱེན་ལྡན་མ་ལི་ལགས་སླར་ཡང་བོད་དུ་སླེབས་སྐབས་ཀླུ་ནང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    2013ལོར་ཀོང་ཏུང་གི་འབྲེལ་ཡོད་ཕྱོགས་ཀྱི་རོགས་རམ་འོག་ཀླུ་ནང་དུ་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གསར་རྐྱང་ཞིག་བསྐྲུན་པ་དང་དེ་སྔའི་སྲོལ་རྒྱུན་རྣམ་གྲངས་རང་སོར་བཞག་པའི་རྨང་གཞིའི་ཐོག་རྣམ་པ་གསར་པའི་ཁྱིམ་ཚང་མགྲོན་ཁང་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་ཁག་གཅིག་མང་དུ་བཏང་ཡོད། ཁྱིམ་ཚང་མགྲོན་ཁང་གི་སྲོལ་རྒྱུན་བོད་བཟོའི་ཉམས་འགྱུར་རང་སོར་བཞག་ཀྱང་ཁང་པའི་ནང་གཟུགས་པོ་འཁྲུ་ས་དང་། ཆུ་འཐེན་གསང་སྤྱོད། བརྙན་འཕྲིན་བཅས་སྒྲིག་སྦྱོར་བྱས་ཡོད།

    མཁྱེན་ལྡན་མ་ལི་ལགས་ཀྱིས“ད་ཆ་བོད་དུ་སྲོལ་རྒྱུན་དང་དེང་རབས་ཀྱི་ཞག་སྡོད་ཉམས་ལེན་ཐུབ་པ་བསམ་ཡུལ་ལས་འདས་སོང་། ཀླུ་ནང་ལ“ཤར་ཕྱོགས་ཀྱི་སུའེ་ཙེར་ཆུང་ངུ”དང“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས་པས་རང་ཉིད་ཀྱིས་ཐོག་མཐའ་བར་གསུམ་དུ་འཚོལ་བའི“སེམས་གཏིང་གི་གྲོང་གསེབ”ཏུ་སླེབས་པའི་སྣང་བ་ཞིག་འདུག་ཅེས་བཤད།

    བྲག་གསུམ་མཚོའི་འགྲམ་དུ་ཡོད་པའི་ཚེ་རིང་བདེ་སྐྱིད་ཀྱི་ཁྱིམ་ཚང་མགྲོན་ཁང་ནི་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་བསམ་པའི་གནས་མཆོག་འཚོལ་སའི་གདམ་ག་དང་པོ་དེ་རེད། ཁྱིམ་ཚང་མགྲོན་ཁང་གི་ཐོག་སོ་གཉིས་པར་བསྡད་དེ་མིག་ལམ་གྱི་མཚོ་དང་གངས་རིར་རྒྱང་ལྟ་བྱེད་བཞིན། ཚེ་རིང་བདེ་སྐྱིད་ཀྱིས“ཚོང་ཡག་པོ་འདི་འདྲ་བྱུང་དོན་ནི་ཕ་ཡུལ་གྱི་མཛེས་ལྗོངས་དང་ཁོར་ཡུག་ཡག་པོ་ཡོད་པས་རེད”ཅེས་བཤད།

    དེ་སྔ་བྱེ་པ་གྲོང་ཚོའི་ཁྱིམ་ཚང་ཕལ་ཆེ་བས་ཤིང་ནགས་གཅོད་པ་གཙོ་བོར་བྱེད་ཀྱི་ཡོད། མ་གཞི་གྲོང་ཚོར་མཚོ་ཡོད་ཀྱང་གྲོང་ཚོའི་ཁོར་ཡུག་བཙོག་ཟིང་ཞན་ཡིན་པས་ཡུལ་སྐོར་བས་ཞག་པོར་སྡོད་འདོད་བྱེད་ཀྱི་མེད།

    2001ལོར་བྲག་གསུམ་མཚོར་རྒྱལ་ཁབ་ནཌ་ཚལ་སྤྱི་གླིང་གི་མཚན་སྙན་ཐོབ་པ་རེད། ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན། གྲོང་མི་ཚོས་གདོད་མའི“རི་ཁར་བརྟེན་པ”ནི་ཐབས་ཤེས་ཤིག་མིན་པ་ཤེས་ཡོད།

    དུས་དེ་ནས་བཟུང་གྲོང་ཚོར་ནགས་སྲུང་བ་བཀོད་སྒྲིག་བྱས་པ་དང་། རྗེས་སུ་མི་ཚང་མ་ནགས་ཚལ་ཐོན་ཁུངས་ཀྱི་སྲུང་སྐྱོང་བར་གྱུར། ད་ཆ་ཡུལ་སྐོར་བ་ཞག་སྡོད་བྱེད་འདོད་ཡོད་པ་མ་ཟད། ད་དུང་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་ཀྱིས་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་ཚོར་བེ་ཤ་སོགས་ནགས་ཁྲོད་ཐོན་ཁུངས་མཁོ་འདོན་བྱས་ནས་ཡུལ་མིའི་ཁྱིམ་ཚང་མགྲོན་ཁང་གི་ཐོན་ལས་སྦྲེལ་ཐག་དེ་བས་ཕུན་སུམ་ཚོགས་སུ་བཏང་ཡོད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། 2020ལོར་བོད་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1061ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་12.17བྱུང་བ་དང་། ཞིང་འབྲོག་པ་མི་ཐེངས་ཁྲི་8.6ཐད་ཀར་དང་གཞན་བརྒྱུད་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་ཞུགས་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4300ལྷག་ཙམ་བྱུང་ཡོད།

    ད་ཆ་བོད་ཀྱི་གྲོང་གསེབ་ཀྱི་མིང་གྲགས་རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར་ཁྱབ་པ་དང་། གངས་ལྗོངས་ཀྱི་གྲོང་གསེབ་ཀྱང་ལས་ཞུགས་དང་སྡོད་མལ་ལ་འཚམ་པ་ཞིག་ཏུ་འགྱུར་བཞིན་ཡོད། དེ་གར་མི་རྣམས་ཀྱིས་སྔོ་ཞིང་དྭངས་པའི་རི་ཆུར་སྲུང་སྐྱོང་བྱེད་བཞིན་ཡོད་ལ་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་ཡང་མཚོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།