དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ལྔ་གཅིག”གུང་གསེང་རིང་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-11

    གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། “ལྔ་གཅིག”རིང་རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་70.67ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་48.9%འཕར་བ(2019ལོ་དང་བསྡུར་ན་དུས་མཚུངས་ལས་43.5%འཕར་བ)དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་7.1ཟིན་པ་དེ་དུས་མཚུངས་ལས་93.5%(2019ལོ་དང་བསྡུར་ན་དུས་མཚུངས་ལས19.1%འཕར་བ)འཕར་ཡོད།

    འདི་ལོ་ཚུན་དུ་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གྲོང་གསེབ་དར་རྒྱས་ལ་དམིགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཁྱད་ལྡན་ཆེད་དོན་ཐོན་རྫས་མུ་མཐུད་ལེགས་སུ་བཏང་བའི་རྨང་གཞིའི་ཐོག་གྲོང་ཁྱེར་གྱི་མཐའ་འཁོར་དུ་ཡུལ་སྐོར་དང་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གྱི་སྤུས་ཀ་ལེགས་སུ་བཏང་བ་དང་། “བོད་ཀྱི་མི་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོར་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་བ། གྲོང་ཁྱེར་གྱི་གྲོང་མི་མཐའ་འཁོར་དུ་སྤྲོ་གསེང་ཡུལ་སྐོར་ལ་བསྐྱོད་རྒྱུར་སྐུལ་ལྕག་བྱས་པ་དང་དར་སྤེལ་བཏང་བ། ཡུལ་སྐོར་གླིང་ཁའི་དཔལ་འབྱོར་གྱི་ལས་དོན་ཡག་པོ་བསྒྲུབས་པ་བཅས་བརྒྱུད་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་སྔོན་ལ་སླར་གསོ་བྱུང་བའི་རྣམ་པ་འགན་ལེན་བྱས་ཡོད། “ལྔ་གཅིག”གོང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་7གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་ནས་ཡུལ་སྐོར་བར་ཏང་གི་ལོ་རྒྱུས་སློབ་གསོ་དང་ལེན་བྱེད་དུ་བཅུག་ཡོད། གཞན་ཡང་ད་དུང་གཞུང་ཕྱོགས་ཀྱི་ཁྱུག་དབྱིངས་དང་། སྐད་འཕྲིན། དཔོད་ཕྲན་སོགས་གང་ལེགས་སྤྱད་དེ་བོད་ཀྱི་ཡུལ་སྐོར་དྲ་ཐོག་ནས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཏེ་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།