དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.6ཙམ་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-05-09

    ཉེ་ཆར་འཚོགས་པའི་2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཚུངས་ལས་ལྡབ་2.3དང་2.4ཡིན་པ་རེད། ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས། བོད་ཀྱིས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་6100ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་640ཟིན་རྒྱུ་དང་། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་མི་ཁྲི་60(ཡུལ་སྐོར་ལས་རིགས་གཉེར་མཁན་ཞིང་འབྲོག་པ་ཚུད་པ)ཐད་ཀར་རམ་གཞན་བརྒྱུད་ནས་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་བཏོན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔ་ཚན་བཅུ་གསུམ་པའི་རིང་། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་དུ་དང་ཐོན་ལས་ཀྱི་སྤྱི་ཚོགས་ཀྱི་ཕན་འབྲས་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད། བོད་ཀྱི་ཡུལ་སྐོར་དཔལ་འབྱོར་གྱི་གྲངས་གཞིའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་ལོ་2སྔ་སྣུར་དུ་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ནས། ཡུལ་སྐོར་དཔལ་འབྱོར་གྱིས་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་གྱི་33.3%ཟིན་པ་དང་། བོད་ཀྱིས་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁེ་ལས་300ཙམ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། ཡུལ་སྐོར་སྣེ་ལེན་ཞུ་ནུས་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་བྱ་ཡུལ་300ལྷག་ཙམ་བཏོད་པ་མ་ཟད། ད་དུང་ཁྱིམ་ཚང་མགྲོན་ཁང་2377བཙུགས་པ་དང་། 2016ནས་2020ལོའི་བར། ཡུལ་སྐོར་ཐོན་ལས་ཀྱིས་ཐད་ཀར་རམ་གཞན་བརྒྱུད་ཀྱིས་དུད་ཚང་ཁྲི་2.15དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་7.5ལ་སྐུལ་ཁྲིད་བྱས་ནས་དབུལ་སྒྲོལ་ཐུབ་སྟེ། ཡུལ་སྐོར་ལ་བརྟེན་ནས་མི་འབོར་དབུལ་པོ་ཁྲི་7.2དབུལ་སྒྲོལ་ཐུབ་པར་བྱ་རྒྱུའི་དམིགས་ཚད་ཕུན་སུམ་ཚོགས་པའི་ངང་ལེགས་སྒྲུབ་བྱས་པ་རེད།

    གཞན་ཡང་། ལོ་ལྔ་ཚན་བཅུ་གསུམ་པའི་རིང་། བོད་ཀྱིས་ད་དུང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་བོད་ཀྱི་ཡུལ་སྐོར་སྤུས་རྟགས་སྔར་བས་ཡག་པོ་བཏོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་རྣམ་གྲངས་188དང་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་དང་རྒྱལ་ཁབ་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩའི་ས་གནས་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་1.9དོན་འཁྱོལ་བྱས་པའི་ཁར། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1.9དོན་འཁྱོལ་བྱས་པས། ཡུལ་སྐོར་གྱི་རྨང་གཞིའི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད། བོད་ཀྱིས་ད་དུང་བྲག་གསུམ་མཚོ་སོགས་A5རིམ་པའི་མཛེས་ལྗོངས་ཁུལ་མང་པོ་ཞིག་བཙུགས་ནས་བྱ་ཐབས་སྣ་ཚོགས་བརྒྱུད་དེ་བོད་ཀྱི་ཡུལ་སྐོར་སྤུས་རྟགས་དྲིལ་བསྒྲགས་དང་བྲིན་སྐུལ་བྱས་ཏེ། ཡུལ་སྐོར་བ་སྔར་བས་མང་པོ་བོད་དུ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།