དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-07

    “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་བོད་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་རི་དང་། ཆུ། ནགས་ཚལ། ཞིང་ཁ། མཚོ། རྩྭ་ར། བྱེ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་སྤྱི་འདོམས་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་བཏང་སྟེ་མཛེས་སྡུག་ལྡན་པའི་ཉིང་ཁྲི་ཞིག་བསྐྲུན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བསྟུད་མར་100%དང་རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་100%ཟིན་ནས་གཙོ་བོ་གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུའི་སྤུས་ཚད་ལེགས་པའམ་རིགས་Ⅲལས་ལེགས་པའི་ཚད་གཞིར་སླེབས་པ་དང་། བྲག་ཡིབ་ཆུས་སུ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང(ཆུས)བདེ་བླག་ངང་བཙུགས་པ། ཉིང་ཁྲི་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་ཁག་གཉིས་པ་བདེ་བླག་ངང་བསྐྲུན་པ་བཅས་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁྲིའི་གཏན་འབེབས》དང《ཉིང་ཁྲི་གྲོང་ཁྱེར་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་བདའ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་24བཟོས་ཏེ་བཀྲམ་ནས། རིམ་པ་ཁག་དང་སྡེ་ཚན་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་ཁ་གསལ་བཟོས་ཏེ། ཁོར་ཡུག་བཅོས་སྐྱོང་གི་འགན་འཁྲིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཞིང་། བྲག་ཡིབ་ཡུག་སྦྲེལ་ཁུལ་དང་སྤོ་བོ་ཡུག་སྦྲེལ་ཁུལ་ལ་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་གཉིས་བཙུགས་པ་དང་། གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛིན་འགན་འཁྲི་ལེགས་སྒྲིག་བྱས་ཏེ་སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་བཏང་བར་ཕན་འབྲས་ཐོན་པ་མ་ཟད། “རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར”གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་ཕྱིན་ཡོད།

    གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་དེ་བས་འཇོག་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ། འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བཅས་བྱས་ནས་རང་ལྗོངས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ཉིང་ཁྲིའི་སྟོབས་ཤུགས་སྐྱེས་སུ་འབུལ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།