དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་6100ལ་སྣེ་ལེན་ཞུ་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-04

    ཉེ་ཆར་2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་དེ་བཞིན་2020ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ལ་ཕྱོགས་སྡོམ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་ཡུལ་སྐོར་སྣེ་འདྲེན་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་ལས་འགན་གཙོ་བོར་གསེད་བཀྲོལ་བྱས་པའི་དམིགས་ཡུལ་ནི་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་ལེགས་པའི་སླར་གསོར་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་རེད།

    གསར་འགོད་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་6100ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་640ཡོང་བ་དང་ཡུལ་སྐོར་ལས་རིགས་ཀྱིས་མི་ཁྲི་60(ཡུལ་སྐོར་ལས་རིགས་ལ་ཞུགས་པའི་ཞིང་འབྲོག་པ་ཚུད་པ)ལ་ཐད་ཀའམ་ཡང་ན་གཞན་བརྒྱུད་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱེད་མཁན་རེད།

    འདི་ལོ་ཡུལ་སྐོར་བ་མི་ཐེངས་ཁྲི་4200ལ་སྣེ་ལེན་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་440ཡོང་བར་བྱས་ནས་གཉིས་ཀ་20%ཡན་ཟིན་པའི་བརྩོན་ལེན་བྱེད་མཁན་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།