དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་ཁག་བདུན་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-04-27

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར་བོད་ཀྱིས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་ཁག་བདུན་ཁྱབ་བསྒྲགས་བྱས་པ་རེད།

    ད་ཐེངས་ཁྱབ་བསྒྲགས་བྱས་པའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་ཁག་བདུན་པོའི་ནང་འོད་སྟོང་འབར་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་ལྷ་སར་བལྟ་བ(ཉིན་གཅིག་གི་ཡུལ་སྐོར)དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་མྱོང་རོལ་བྱེད་པ་དང་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པ(ཉིན་བཞིའི་ཡུལ་སྐོར) གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་བྱེད་པ་དང་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ(ཉིན་ལྔའི་ཡུལ་སྐོར) ཁུང་ཧྥན་སེན་གྱི་རྗེས་ཤུལ་དང་གནམ་མཚོ་སྐོར་བ(ཉིན་བདུན་གྱི་ཡུལ་སྐོར)སོགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཁྱབ་བསྒྲགས་བྱས་པའི་ལམ་ཐིག་ཁག་བདུན་གྱིས་བོད་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་། གསར་བརྗེའི་ཡུལ་སྐོར་གྱི་དཔེ་མཚོན་མཛེས་ལྗོངས་ཁུལ། གྲོང་གསེབ་ཀྱི་མཛེས་ལྗོངས་ཁུལ་ཁག་གཅིག་བཅས་ལ་བརྟེན་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས་ཡུལ་སྐོར་བར་ཡུལ་སྐོར་མྱོང་རོལ་སྤུས་ལེགས་མཁོ་འདོན་ཧུར་ཐག་བྱེད་ཐུབ་བྱ་རྒྱུ་རེད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཁྱོན་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96བྱུང་ཡོད། དེ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཚུངས་ཀྱི་ལྡབ་2.3དང་ལྡབ་2.4ཡིན་པ་དང་ཡུལ་སྐོར་གྱི་དཔལ་འབྱོར་ཡོང་འབབ་ཀྱིས་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་ནང་གི་བསྡུར་ཚད་33.3%ཟིན་གྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།