ཚེས་6ཉིན་གྱི་ཕྱི་དྲོ། རང་ལྗོངས་ཀྱིས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་འཚོགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྲིན་བུ་རིའི་བཀོད་སྒྲིག་ས་ཚིགས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་ཀྱི་མ་དངུལ་གྱི་འབྲེལ་ཡོད་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་ནས་དུས་མཚམས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྡེ་ཚན་གྱི་འགན་འཁྲི་ཁག་བགོས་གཞིར་བཟུང་། སྲིན་བུ་རིའི་བཀོད་སྒྲིག་ས་ཚོགས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་རང་འགུལ་ངང་རྩིས་ལེན་པ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་ཐོན་ལས་མ་འཇོག་གི་གཙོ་གནད་ལ་དམིགས་པ། རྒྱལ་ཁབ་པུའུ་ཨུད་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྲིན་བུ་རིའི་བཀོད་སྒྲིག་ས་ཚིགས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་འཇུག་ཐུབ་པའི་བརྩོན་ལེན་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་འཇུག་མི་ཐུབ་པའི་རྣམ་གྲངས་དག་ལས་རིགས་ཁོངས་གཏོགས་ལ་གཞིགས་ཏེ་རྒྱབ་སྐྱོར་དང་གཟིགས་སྐྱོང་ཧུར་ཐག་བྱས་ནས་སྲིན་བུ་རིའི་དུས་ཐེངས་གཉིས་པའི་ལེ་ལག་ཚང་བའི་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།