དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པར་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-08

     སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པར་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་ནི་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་འགན་འཁྲི་ཁ་གསལ་དང་། ཐབས་ལམ་བཟང་བ། ལག་རྩལ་ཚད་ལྡན། འགན་ལེན་ནུས་ལྡན། སྐྱིན་ཚབ་གནས་འཁེལ། སླར་གསོ་ནུས་ལྡན་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པར་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཟོ་བཞིན་ཡོད་པ་དང་། ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གོམ་སྟབས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པར་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་བཟོ་ཆེད། འབྲེལ་ཡོད་བརྡ་ཐོའི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས《ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པར་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་སྒྱུར་བཅོས་དང་ལག་བསྟར་བྱ་ཐབས》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཟོས་ཡོད་པ་རེད། “《ཇུས་གཞིའི》ནང་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྣ་མང་ཅན་དང་སྐྱེ་ཁམས་ཁོར་ཡུག་མ་ལག་ཉམས་ཞན་རང་བཞིན་གྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའི་གནད་དོན་ལ་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ལྷ་ས་གྲོང་ཁྱེར་གྱི་ཁྱད་ཆོས་དང་མཐུན་པའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པ་སླར་གསོ་དང་སྐྱིན་ཚབ་སྤྲོད་པའི་ལམ་ལུཌ་རིམ་བཞིན་བཟོས་ཡོད”ཅེས་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པར་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོཌ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་བག་བྲོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།