བོད་ཀྱི་དྭངས་ཞིང་གཙང་བའི་རི་ཆུ་སྲུང་སྐྱོང་ཡག་པོ་བྱ་ཆེད། ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་ལྟེ་བར་བྱས་ནས། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་དམག་འཐབ་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ལག་ལེན་ཤུགས་ཆེན་བསྟར་ཏེ་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་འགྲོ་བར་ཤུགས་སྣོན་བརྒྱབ་པ་རེད། མིག་སྔར་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་མ་ཟད། སྐྱེ་ཁམས་ཤེས་དཔལ་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པ་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་སྐུལ་འདེད་ཧུར་ཐག་ཀྱང་ཐེབས་ནས། ས་མཐོའི་སྣོད་བཅུད་མ་ལག་བརྟན་པོ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་སྔར་བས་མངོན་གསལ་དོད་པོ་ཡོད་པ་རེད།
ཁོར་ཡུག་དང་དམངས་འཚོར་དམིགས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་འགག་རྩའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
དགུང་སྔོན་སྲུང་སྐྱོང་དམག་འཐབ་རེ་ཞིག་མཇུག་འགྲིལ་ཞིང་། དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལག་བསྟར་ཇུས་གཞི་དོན་འཁྱོལ་གྱིས་ཐལ་རྡུལ་དང་། འཕྲུལ་སྒུལ་འཁོར་རིཌ། བསང་དུད། ཡལ་སླའི་སྐྱེ་ལྡན་དངོས་པོ་སོཌ་སྦཌ་བཙོག་ཚོད་འཛིན་འབུར་དུ་ཐོན་པ་དང་། རྒྱུན་མཐུད་དེ“བཙོག་ཟིང་ཞན”གསུམ་གྱི་ཁེ་ལས་ཕྱོཌ་བསྡུས་བཅོས་སྐྱོང་བྱས་པ། སྣུམ་སྣོན་ས་ཚིཌ་ཀྱི་སྣུམ་རླངས་བསྡུ་བཅོས་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ཁྲའེ་ཡིའུ་སྣུམ་སྤྱོད་ཟོག་འདྲེན་རླངས་འཁོར་གྱི་བཅོས་སྒྲིག་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ཚད་གཞི་དྲུག་པ་དང་མཐུན་པའི་འཁོར་སྤྱོད་ཁྲའེ་ཡིའུ་སྣུམ་ཕྱོཌ་ཡོངས་ནས་མཁོ་འདོན་བྱས་པ་དང་། འཕྲུལ་སྒུལ་འཁོར་རིཌ་གསར་པའི་སྦཌ་བཙོག་འབུད་ཚད་ཚད་བཀག་དང་ཚད་འཇལ་གྱི་བྱེད་ཐབས་དང་ཚད་གཞི་ལག་བསྟར་བྱས་པ་མ་ཟད། སྒུལ་བདེའི་འཕྲུལ་ཆས་ཨང་རྟཌ་ཐོ་བཀོད་བྱེད་འགོ་བཙུཌ།
དྭངས་གཙང་ཆུ་མོ་སྲུང་སྐྱོང་དམག་འཐབ་ཀྱི་འཕེལ་ཕྱོགས་ལེགས་པ་དང་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱེད་ཐབས་དང་འཆར་གཞི་མུ་མཐུད་ལག་བསྟར་བྱས་ཏེ་ཆུ་དང་མཚེའུ་དཔོན་ལམ་ལུཌ་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། ཆུའི་སྦགས་བཙོག་འགོག་བཅོས་ཐད་ཀྱི་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་1.41བརྩོན་ལེན་བྱས་ནས། འབྲི་ཆུ་དང་། རྫ་ཆུ། མྱང་ཆུ། ཧྥུའུ་ཆིང་གཙང་པོ། སེང་གེ་ཁ་འབབ་གཙང་པོ། ལྷུན་རྩེའི་གཙང་པོ་སོཌ་སུ་ཆུ་སྦགས་བཙོག་འགོག་བཅོས་རྣམ་གྲངས་ལག་བསྟར་བྱས་ཡོད། ཁྱོན་མ་དངུལ་སྒོར་ཁྲི་4200དོན་འཁྱོལ་གྱིས་འཐུང་ཆུའི་སྦགས་བཙོག་ཐག་གཅོད་ཀྱི་ཚོད་ལྟའི་འདུ་འགོད་27ལག་བསྟར་བྱས་པ་རེད། མིག་སྔར་ལྗོངས་ཡོངས་ཀྱི་གཙང་པོ་དང་། ཆུ་བོ། མཚེའུ་བཅས་ཀྱི་ཆུའི་སྤུས་ཚད་ལེགས་ཚད་རིགས་གསུམ་པའི་ཚད་གཞིར་སླེབས་པ་དང་། ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཆུའི་སྤུས་ཚད་ཚད་གཞི་100%ལ་སླེབས་པ་རེད།
ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།
སྐྱེ་ཁམས་འདུ་འགོད་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས《བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ཀྱི་རིགས་ཆེ་གྲས་གསུམ་གྱི་རྣམ་གྲངས་10ལག་བསྟར་གཏིང་ཟབ་བྱས་པ་དང་། རིམ་རྩིས་བྱས་ན། མ་དངུལ་དུང་ཕྱུར་117དོན་འཁྱོལ་བྱས་ཏེ་འཆར་འགོད་ཀྱི་དུས་དཀྱིལ་གྱི་ཚོད་སྐོར་ལས་དོན་སྤེལ་ཡོད།
སྐྱེ་ཁམས་དམངས་ཕྱུག་གི་བྱེད་ཐབས་དོན་འཁྱོལ་ལེགས་པོ་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་གཞན་སྒྱུར་གཏོང་སྒོ་དང་སྐྱེ་ཁམས་ཁ་གསབ་སྐྱིན་གསབ་ཀྱི་ལམ་སྲོལ་ཁག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། 2019ལོར། ཀྲུང་དབྱང་གི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་གཞན་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་18.78དོན་འཁྱོལ་བྱས་ཏེ་མང་ཚོགས་ལ་དེའི་ཁྲོད་ནས“ལྗང་མདོག་གི་ཕན་པ”དེ་བས་མང་བ་ཐོབ་ཡོད་པ་རེད།
སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་ལས་དོན་སྤེལ་ཏེ། ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། གྲོ་མོ་རྫོང་། བྲག་ཡིབ་ཆུས། འདམ་གཞུང་རྫོང་བཅས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་དཔེ་སྟོན་ཁུལ་བསྐྲུན་ཞིང་། ལྷུན་རྩེ་རྫོང་དུ“དྭངས་ཤིང་གཙང་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་བསྐྲུན་པ་རེད། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད་དོ་དམ་ཚད་གཞིའི་མ་ལག་བཙུགས་པ་དང་། རིམ་རྩིས་བྱས་ན། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་22དང་། སྐྱེ་ཁམས་ཤང་དང་གྲོང་རྡལ་269 སྐྱེ་ཁམས་གྲོང་ཚོ་3087ཟིན་པ་རེད།
སྒྱུར་བཅོས་གསར་གཏོད་འབུར་དུ་ཐོན་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ།
ཤར་དབུས་ནུབ་བཅས་ཀྱི་ཁོར་ཡུག་ལྟ་ཞིབ་ཆེད་མིའི་གཞུང་དོན་ཁང་གསུམ་བཙུགས་ནས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་འདོམས་ལག་བསྟར་བྱས་ཤིང་། རང་སྐྱོང་ལྗོངས་རིམ་པའི་ལྟ་བཤེར་ཚུར་ལན་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྗེས་སྙེགས་ལྟ་བཤེར་དང་བཅོས་སྒྲིག་ལེགས་སྒྲུབ་བྱས་ཚུལ་ཡོངས་བསྒྲགས་བྱས་པ་དང་ཆབས་ཅིག ནམ་རྒྱུན་དགོས་པའི་ལས་མི་བྱེད་པ་དང་ཁ་ཚ་དགོས་གཏུག་སྐབས“བརྒྱ་ཁ་གཅིག་གཅོད”བྱེད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད། 2018ལོ་དང་2019ལོའི་ལོ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ལེགས་སྒྲུབ་བྱས་པ་དང་། རིམ་རྩིས་བྱས་ན། ལོ་གཉིས་རིང་དཔྱད་དཔོག་བྱ་དགའི་དངུལ་སྒོར་དུང་ཕྱུར་1.76དོན་འཁྱོལ་བྱས་པ་རེད།
ཁོར་ཡུག་ཁྲིམས་འཛིན་གྱི་སྦྱོང་བརྡར་བྱེད་སྒོ་སྤེལ་ནས་སྲིད་འཛིན་ཁྲིམས་འཛིན་ཡོངས་བསྒྲཌ་དང་། ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོའི་ཐོ་བཀོད། ཁྲིམས་འཛིན་གྱི་གཏན་འབེབས་གལ་ཆེན་གྱི“ལམ་ལུགས་གསུམ”དོན་འཁྱོལ་བཅས་ལ་སྐུལ་འདེད་བཏང་བ་དང་། ཁོར་ཡུག་ཁྲིམས་འཛིན་གྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲཌ་གཅིག”གི་ལམ་ལུགས་ལག་བསྟར་བྱས་པ་མ་ཟད། ཁྱོན་ཁྲིམས་འཛིན་མི་སྣ་མི་ཐེངས་ཁྲི་1.7བཏང་ནས་ཁེ་ལས་5823ལ་ཞིབ་བཤེར་བྱས་ཤིང་། ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་235ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། དངུལ་ཆད་སྒོར་ཁྲི་1352བཅད་པ་རེད།
ཁོར་ཡུག་སྲུང་སྐྱོང་གང་ལེགས་བྱས་པ་བརྒྱུད། མིག་སྔའི་བར། རང་ལྗོངས་སུ་ནགས་ཚལ་ཁྱབ་ཚད་12.14%ཟིན་པ་དང་། ལྗོངས་ཡོངས་སུ་ལྗོན་ཤིང་མེད་པའི་གྲོང་ཚོ1079དང་ལྗོན་ཤིང་མེད་པའི་དུད་ཚང་ཁྲི་10.4ལ་ཤིང་འཛུགས་ནགས་བཟོ་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་45%ཙམ་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་ཁྱབ་ཁོངས་ནང་བཞག་པ་དང་། རིམ་པ་ཁག་དང་རིཌ་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ཞིང་། ཇོ་མོ་གླང་མ་དང་། བྱང་ཐང་། སྨར་ཁམས་ཡུན་ནན་སྤྲེའུ་སྤུ་སེར། གསེར་གླིང་མཚོ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཟང་སྒྲིག་ལེཌ་སྒྲིག་བྱུང་སྟེ་ཁོར་ཡུག་སྲུང་སྐྱོང་གི་གོམ་སྟབས་དང་བསྟུན་ནས་དྭངས་གཙང་རི་ཆུ་སྔར་བས་མཛེས་སྡུག་ལྡན་པར་གྱུར་པ་རེད།