དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-29

    ཟླ་1ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་རེད། 《སྲོལ་ཡིག》གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་པ་དེ་ཐོག་ནས་བོད་ཀྱི་ཁྱད་ཆོས་གང་ལེགས་མངོན་ཡོད་པས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་ཡོད།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དྲིལ་བསྒྲགས་སློབ་གསོ་དང་དྲ་རྒྱའི་ལས་དོན་པུའི་པུའུ་ཀྲང་གཞོན་པ་ཀྲང་ཀྲུང་ཡོན་གྱིས། “རང་སྐྱོང་ལྗོངས་ཀྱིས་ཁྲིམས་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ཡིན་ལ། 《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་དེ་2021ལོའི་ལས་དོན་གྱི་འཆར་གཞིའི་ནང་བཅུག་ནས་ལོ་མཇུག་ཏུ་ཞིབ་དཔྱད་བྱ་རྒྱུའང་ཡིན། དེ་དང་ཆབས་ཅིག ‘དུས་རབས་གསར་པའི་གངས་ལྗོངས་ས་མཐོའི་ཡ་རབས་ལྡན་པའི་ལས་བཟོ’འཛུགས་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ལས་བཟོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྲུང་སྐྱོང་བྱེད་མཁན་ཞིག་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ནང་ཧུར་ཐག་ཞུགས་ནས་ཤིང་འཛུགས་ནགས་བཟོ་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱེད་པ། ལས་ཁུངས་ཀྱིས་གྲོན་ཆུང་བསྲི་ཚགས་ཀྱི‘གཅིག་རེ་བརྒྱད’ཀྱི་ལས་དོན་བྱ་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ནས་ཤོག་ལྷེ་གཅིག་དང་། གློག་ཏུའུ་གཅིག འབྲས་རྡོག་གཅིག ཆུ་ཐིགས་གཅིག་བཅས་གྲོན་ཆུང་བྱེད་པའི་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་ཡ་རབས་གྲོན་ཆུང་དང་ལྗང་མདོག་ཐཱན་ཉུང་དར་སྤེལ་གཏོང་བ། ལས་བཟོ་སྒྲིག་འཛུགས་བྱས་ནས་ནུས་གྲོན་ཕན་ཆེའི་ལག་རྩལ་གསར་གཏོད་དང་། རྩལ་ནུས་འགྲན་བསྡུར། རྩལ་ནུས་གསོ་སྐྱོང་བཅས་བྱས་ཏེ་ཁེ་ལས་ཀྱི་ཕན་འབྲས་མཐོ་རུ་དང་ཐོན་ཁུངས་ཟད་གྲོན་ཆུང་དུ་གཏོང་བ་བཅས་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    “《སྲོལ་ཡིག》ནི་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་བསྐྲུན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་ཡིན་པས། རང་ལྗོངས་ཀྱིས་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་རང་སྐྱོང་ལྗོངས་ལ་ལག་རྩལ་རང་བཞིན་གྱི་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་འགན་ལྕི་པོ་ཁུར་ཡོད་སྟབས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་སློབ་མའི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་ཞབས་འདེགས་ཞུ་བའི་དུས་རབས་ཀྱི་མི་གསར་སྐྱོང་བ་བཅས་བྱ་རྒྱུ་ཡིན”ཞེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ཚའེ་ཧྲོའུ་ཁོན་གྱིས་གསར་འགོད་པར་བརྗོད།

    《སྲོལ་ཡིག》གྲོས་འཆམ་བྱུང་བའི་ཐད་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ལི་ཁྲེང་ཐུང་གིས་མྱོང་ཚོར་ཟབ་མོས“《སྲོལ་ཡིག》གིས་རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱུང་བ་དང་བརྩི་སྲུང་ཞུ་ས་མཁོ་འདོན་བྱས་ཡོད། གོམ་སྟབས་རྗེས་མར། སྙན་རོང་རྫོང་གིས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། བུ་རབས་ཚ་རྒྱུད་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་སྙན་རོང་རྫོང་གི་སྔོ་ཞིང་དྭངས་པའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡག་པོ་སྲུང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། སྙན་རོང་རྫོང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ། སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་སྐྱོད་པ་བཅས་བྱས་ནས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུར་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།