དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ཆེད་དོན་བརྟག་དཔྱད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-01-21

     ལོ་རྙིང་པའི་ལོ་མཇུག་དང་ལོ་གསར་པའི་ལོ་མགོར་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལྟ་སྐུལ་ལས་དོན་ཡག་པོ་སྤེལ་ནས་ཡུལ་སྐོར་ཁྲོམ་ར་བདེ་འཇགས་དང་། གོ་རིམ་ལྡན་པ། སྤུས་ཚད་ལྡན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། ཉེ་དུས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ལྷ་སའི་གནས་མཆོག་ཀྲོའུ་ཅིས་གསོལ་མགྲོན་ཁང་དང་། “གངས་ལྗོངས་སྐར་མའི་གོ་ལ”གནམ་དཔྱད་ཚན་རིག་ཁྱབ་གདལ་མྱོང་རོལ་ཁང་། བོད་ལྗོངས་ཀྲུང་གོ་གཞོན་ནུའི་ཡུལ་སྐོར་ལས་དོན་ཁང་། ཆི་ཧྲེང་ཚགས་ཤའི་བཟོ་ལས་གླིང་མཛེས་ལྗོངས་ཁུལ་སོགས་ལ་ཆེད་དོན་བརྟག་དཔྱད་བྱས་པ་རེད།

    ད་ཐེངས་ཡུལ་སྐོར་ལས་དོན་ཁང་དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་། བཟའ་བཅའི་ཐོན་སྐྱེད་འཁོར་ཁང་བཅས་སུ་བསྐྱོད་ནས་བདེ་འཇགས་ཐོན་སྐྱེད་དང་དེ་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་དོན་འཁྱོལ་བྱེད་ཚུལ་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། དེའི་ནང་ལྷ་སའི་གནས་མཆོག་ཀྲོའུ་ཅིས་གསོལ་མགྲོན་ཁང་དུ་དང་བླངས་པའི་ཞབས་ཞུའི་ས་ཚིགས་བཀོད་སྒྲིག་བྱས་མེད་པ་དང་། འགྲུལ་པར་ཁ་རས་རྒྱག་དགོས་པའི་དྲན་སྐུལ་བྱས་མེད་པས་ཞིབ་བཤེར་ཚོགས་ཆུང་གི་མི་སྣས་ས་གནས་ས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བསམ་འཆར་བཏོན་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བོད་ལྗོངས་ཀྲུང་གོ་གཞོན་ནུའི་ཡུལ་སྐོར་ལས་དོན་ཁང་གི་འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྦྱར་ཡིག་མེད་པ། ཚ་བ་ལྟ་མཁན་མེད་པ། དུག་སེལ་ལག་འཁྲུའི་གཤེར་ཁུ་མཁོ་འདོན་བྱས་མེད་སོགས་ཀྱི་སྣང་ཚུལ་ཡོད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་ནན་ཏན་ཐུབ་མེད་པས་དག་ཐེར་བྱེད་དུ་བཅུག་ཡོད། ཆི་ཧྲེང་ཚགས་ཤ་བཟོ་ལས་གླིང་མཛེས་ལྗོངས་ཁུལ་གྱི་གནས་ཚུལ་བརྟན་ལ་གོ་རིམ་དང་ལྡན་པས་ཁྲིམས་བསྟར་མི་སྣས་ཚོང་པར་རིན་གོང་གསལ་སྟོན་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ཚོང་གཉེར་དྲང་བདེན་བྱེད་དགོས་པའི་སྐུལ་འདེད་བཏང་བ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་རིམས་འགོག་བླང་བྱར་གཞིགས་ནས་ཚོང་གཉེར་བྱེད་དགོས་པ་དང་། རིམས་ནད་ཀྱི་ཉེན་ཁ་ཆེ་འབྲིང་ས་ཁུལ་དབྱེ་འབྱེད་ལ་དོ་སྣང་བྱེད་དགོས་པ། ཞིབ་བཤེར་བྱེད་རིང་ཁེ་ལས་ཁག་གཅིག་ལ་རིམས་འགོག་བྱེད་ཐབས་ནན་པོ་མེད་པ་སོགས་ཀྱི་གནད་དོན་ཡོད་པ་འཕྲལ་མར་དག་ཐེར་བྱེད་དུ་བཅུག་པ། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་ཡུལ་སྐོར་ཚོང་ཟོག་དང་ཞབས་ཞུའི་རིན་གོང་གསལ་སྟོན་དང་དྲན་བདེན་ཚོང་གཉེར་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    གོམ་སྟབས་རྗེས་མར་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་པའི་ནུས་པ་མུ་མཐུད་བཏོན་ནས་དུས་ཆེན་རིང་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྒོ་མོ་འབྱེད་པའི་འགན་ལེན་བྱེད་པ་དང་དུས་མཚུངས། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།