དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྣོད་བཅུད་སྲུང་སྐྱོང་དང་སླར་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-29

    ཉེ་ཆར་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ལྷོ་ཁ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྣམ་གྲངས་ཀྱི་འདེགས་སྐྱོར་གལ་ཆེན་འབུར་དུ་ཐོན་པར་བྱས་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཅིང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་མུ་མཐུད་ལག་ལེན་གཏིང་ཟབ་བསྟར་ཏེ། བསོད་ནམས་དགའ་མགུ་ཆུ་བེད་ལྟེ་བའི་ལས་གྲྭ་དང་། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ཤིང་འཛུགས་ནགས་བཟོ། གཏེར་ཁུལ་གྱི་སྣོད་བཅུད་སླར་གསོ་སོགས་སྣོད་བཅུད་ལས་གྲྭའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། རྩྭ་རྩི་ཤིང་འདེབས་འཛུགས་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ།

     ནགས་རྩྭ་སྤེལ་འདེབས་དང་། གཟན་རྩྭའི་སོན་གསར་ནང་འདྲེན། དཔལ་འབྱོར་ནགས་ཤིང་འདེབས་འཛུགས་སོགས་སྣོད་བཅུད་འཛུགས་སྐྱོང་རྣམ་གྲངས་ལག་ལེན་ཡག་པོ་བསྟར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་དང་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟབ་ཏུ་བཏང་བ། རི་བོ་དང་། ཆུ་བོ། ནགས་ཚལ། ཞིང་ཁ། མཚོ་མོ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་རླུང་ཁམས་ཆེ་མོ་དང་། ཆུ་བོ། ས་ཆ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་པ། དོ་དམ་དང་ཚོད་འཛིན་ནན་པོ་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་བཞིན་བཀག་འགོག་མཐའ་གཅིག་ཏུ་བྱས་པ་དང་རྡུང་རྡེག་བཏང་བ། སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་ནན་པོ་དང་རྡུང་རྡེག་བཏང་སྟེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་སྣོད་བཅུད་ཁོར་ཡུག་ཡག་པོ་ཡོང་བའི་འགན་ལེན་བྱས་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱེད་པ་བཅས་ལ་བརྟེན་ནས་གནད་དོན་དངོས་ཐག་གཅོད་བྱས་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཐད་ལས་བྲལ་རྩིས་བཤེར་བྱ་རྒྱུ་ལག་ལེན་ནན་པོ་བསྟར་ཏེ། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཟོ་མཁན་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་རྩད་གཅོད་ནན་པོ་དང་ཚེ་གང་འགན་འཁྲི་བདའ་འདེད་བཏང་བ། ལྟ་བཤེར་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བའི་སྐུལ་འདེད་བཏང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།