དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱིས་རྩྭ་ཕྱུགས་ནུས་ཆེའི་གཞན་སྒྱུར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-06

    “རྣམ་གྲངས་ལག་བསྟར་བྱེད་རིང་ང་ལ་གྲུབ་འབྲས་ལེགས་ཤོས་བྱུང་སྙམ་པ་ནི་ཞིང་འབྲོག་པ་དང་ཚན་ཞིབ་མི་སྣས་སྒྲོག་ཙེ་གཅིག་གི་ཐོག་གནད་དོན་གྲོས་བསྡུར་བྱེད་པ་དེ་ཡིན། དེས་ཞིང་འབྲོག་པའི་སེམས་ཤུགས་འཕེལ་ནས་རང་ཚུགས་ངང་གནད་དོན་ལ་བསམ་གཞིག་བྱེད་ཐུབ་ཀྱི་ཡོད། ཡུན་ནས་ཡུན་དུ་སྡེ་ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་གདེང་ཚོད་དང་། འགན་འཁྲིའི་བསམ་པ། གྲུབ་འབྲས་ཐོབ་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད”ཅེས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ཚན་སུའོ་ཡི་ཞིབ་འཇུག་པ་ཅི་ཆིའུ་མེ་ཡིས་དེ་ལྟར་བཤད།

    སྡེ་ཁུལ་གྱི་འབྲོག་ལས་རྣམ་གྲངས་ཀྱི་འགན་འཁུར་བ་ཞིག་ཡིན་པའི་ཅི་ཆིའུ་མེ་ཡིས་དེ་བས་མཐོང་ཆེན་བྱེད་པ་ནི་རྣམ་གྲངས་འདི་ལས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་བྱུང་མིན་དེ་རེད།

    མཚོ་བོད་ས་མཐོར་སྣོད་བཅུད་ཀྱི་གསོ་སྤེལ་ཁོར་ཡུག་བཟང་པོ་ལྡན་ཡོད་མོད། འོན་ཀྱང་མཐོ་གྲང་གནམ་གཤིས་ཀྱིས་སྐྱེ་དངོས་མང་པོ་ཞིག་གི་འཚར་ལོངས་ལ་ཚོད་འཛིན་བྱས་པའི་ནང་ཕྱུགས་རྩྭའི་སྐྱེ་འཚར་ཚུད་ཡོད། རང་ལྗོངས་ཀྱི་འབྲོག་ཁུལ་མང་པོ་ཞིག་ཏུ་ལོ་ལྟར་རྩྭ་ལོ་ཕྱེད་ལྷག་ཙམ་ལས་སྐྱེ་ཡི་མེད། ཁྱིམ་ཕྱུགས་ཀྱི་འཚོ་གནས་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་འབྲོག་ལས་འཕེལ་རྒྱས་ཀྱི་ཞན་ཆ་ཞིག་ཏུ་གྱུར་པར་བརྟེན་མཚོ་བོད་ས་མཐོའི་སྡེ་ཁུལ་གྱི་འབྲོག་ལས་རྣམ་གྲངས་ལག་བསྟར་བྱེད་དགོས་བྱུང་།

    2012ལོ་ནས་བཟུང་། མཚོ་བོད་ས་མཐོའི་སྡེ་ཁུལ་གྱི་འབྲོག་ལས་རྣམ་གྲངས་ཀྱིས་སྡེ་ཁུལ་གྱི་ཞིང་འབྲོག་པར་ཕྱུགས་རྩྭའི་འདེབས་འཛུགས་སྤྲོ་སྣང་ཚོགས་ཆུང་དང་ཞིང་འབྲོག་པའི་ཞིང་ནང་སློབ་གྲྭ་སོགས་ཀྱི་ལས་སྟེགས་བསྐྲུན་ཞིང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་དང་། ནོར་ལུག་འདེམས་གསོ། འབྲི་གཡག་སྡོམ་གསོ། གནམ་གཤིས་གྲང་བའི་དུས་སུ་གཟན་རྩྭ་ཁ་སྣོན་སོགས་ཀྱི་ལག་རྩལ་དཔེ་སྟོན་བྱས་པ་བརྒྱུད་གསོ་སྤེལ་གྱི་ཕན་འབྲས་རིམ་བཞིན་མཐོ་རུ་ཕྱིན་ནས་སྡེ་ཁུལ་གྱིས་ལོ་འཁོར་མོར་འབྲི་གཡག་མགོ་གྲངས་200ཡན་སྡོམ་གསོས་བརྒྱབ་པར་མགོ་གྲངས་རེ་ནས་འབབ་འཕར་སྒོར་1500ཡན་བྱུང་ཡོད། “ཚང་མས་ངེས་པར་དུ་རང་ཉིད་ཀྱི་རིག་གནས་ཆུ་ཚད་མཐོ་རུ་གཏོང་དགོས། དེང་རབས་འབྲོག་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཚན་རྩལ་ལ་བརྟེན་དགོས”ཞེས་གསོ་སྦྱོང་ནང་ཞུགས་ནས་ཀན་སུའུ་དང་སི་ཁྲོན་སོགས་འབྲོག་ཁུལ་དུ“ཞིང་འབྲོག་པ་ཕན་ཚུན་འཚམས་འདྲིའི”རྣམ་གྲངས་བྱེད་སྒོར་ཞུགས་མྱོང་བའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བྱམས་པ་དགེ་ལེགས་ལ་མྱོང་ཚོར་ཟབ་མོས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།