དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བཅུ་ཆ་དགུ་ཡན་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-13

    ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཏན་ཏིག་བཏང་སྟེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་མངོན་གསལ་དོད་པའི་ཞན་ཆ་གང་མགྱོགས་བསལ་ནས་སྣོད་བཅུད་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་དང་ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་ལ་སྤྱི་འདོམས་བྱས་ཏེ་མཛེས་སྡུག་ལྡན་པའི་སྡོད་མལ་ལ་འཚམ་པའི་གྲོང་ཚོ་འཛུགས་སྐྲུན་དམིགས་ཚད་དུ་བྱེད་པ་དང་། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་དང་། “གསང་སྤྱོད་གསར་བརྗེ” གྲོང་ཚོའི་བཀོད་པ་བཅོས་སྒྲིག་དང་ལེགས་གཏོང་བཅས་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ། ཕྱོགས་མང་པོའི་སྟོབས་ཤུགས་སྐུལ་སློང་བྱེད་པ། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱེད་པ། བྱ་ཐབས་ཁག་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱིས་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་251(ལྷ་སའི་གྲོང་ཁུལ་གྱི་སྡེ་ཁུལ་ཚུད་པ)གྲུབ་འབྲས་ཐོབ་པའི་ངང་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོར་བཏོད་པ་དང་གཏོད་ཚད་95.4%ཟིན་པ་དང་། ཤང་དང་གྲོང་རྡལ་64གྲུབ་འབྲས་ཐོབ་པའི་ངང་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་དང་གྲོང་རྡལ་དུ་བཏོད་པ་དང་གཏོད་ཚད་100%ཟིན་པ། མལ་གྲོ་གུང་དཀར་རྫོང་དང་། འདམ་གཞུང་རྫོང་། ཁྲེང་ཀོན་ཆུས། སྟོད་ལུང་བདེ་ཆེན་ཆུས་བཅས་རྫོང(ཆུས)4གྲུབ་འབྲས་ཐོབ་པའི་ངང་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང(ཆུས)དུ་བཏོད་ཡོད། འདམ་གཞུང་རྫོང་དེ་ཉིད་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་དུ་བཏོད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ཕན་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཡུལ་སྲོལ་དམངས་ཆིངས་ཀྱི་ཚོད་འཛིན་ནུས་པ་འདོན་སྤེལ་བྱེད་པ། ཞིང་འབྲོག་མང་ཚོགས་དེའི་ནང་ཞུགས་པར་སྐུལ་ལྕག་བྱ་ཐབས་འཚོལ་ཞིབ་བྱས་ནས་བཟོས་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ཁྲོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོ(གྲོང་ལྷན)38ལ་སྔོན་ལ་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་དོན་གཙོ་གནད་ཐོག་སྤེལ་ནས་གྲོང་ཚོ་ཧྲིལ་པོས་སྡོད་མལ་ཁོར་ཡུག་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ས་ཚིགས་ཁག་གཅིག་ཧུར་ཐག་གཏོད་པ། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐབས་ལམ་མང་པོར་བརྟེན་ནས་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་བྱས་ནས་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི“སྲིད་གཞུང་གིས་མ་དངུལ་60%གཏོང་བ་དང་། གྲོང་ཚོ་ཨུ་ལྷན་གྱིས་མ་དངུལ་20%གྲབས་གསོག་བྱེད་པ། ཞིང་འབྲོག་པས་མ་དངུལ་20%གཏོང་བ”བཅས་ཀྱི་བྱ་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས་ཞིང་འབྲོག་མང་ཚོགས་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ཁྲིད་སྟོན་བྱེད་པ། ཤང་དང་གྲོང་རྡལ་འཆར་འགོད་དང་གྲོང་ཚོ་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆ་ཚང་བའི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་མ་ལག་བསྐྲུན་ཏེ་འཆར་འགོད་ལ་བརྟེན་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ལ་སྣེ་ཁྲིད་བྱེད་པ། ལས་གྲྭའི་སྤུས་ཚད་དང་མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་བཏང་བར་ཕན་འབྲས་ཐོན་པ་དང་མང་ཚོགས་ལ་ཕན་པ་ཐོབ་པའི་འགན་ལེན་བྱེད་པ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།