ཉེ་བའི་ལོ་ཤས་རིང་། སྣང་རྫོང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བས་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་རབ་དང་རིམ་པ་ཐོན་ཡོད་པ་རེད།
2019ལོའི་ཟླ་4པར། སྣང་རྫོང་གིས་གད་སྙིགས་ཉུང་གཏོང་ཅན་དང་། གནོད་མེད་ཅན། ཐོན་ཁུངས་ཅན་བཅས་སུ་འགྱུར་བར་བྱེད་པའི་དམིགས་ཚད་བཏོན་ཅིང་། གྲོང་མདའ་གྲོང་རྡལ་གྱིས“གད་སྙིགས་དང་ཚོང་ཟོག་བརྗེ་རེས་སྒོ་རྩིས་ཚོང་ཁང”ཐོག་མར་བཙུགས་པ་དང་། དེ་བྱིངས་ཀྱི་ཤང་དང་གྲོང་རྡལ་5ཡིས“ཡུལ་མིས་བསྡུ་རུབ་རིགས་དབྱེ་དང་གནས་གཏན་འཁེལ་དུ་ཚོང་ཟོག་བརྗེ་རེས་བྱེད་པའི”གད་སྙིགས་ཕྱིར་བསྡུ་ཐག་གཅོད་བྱེད་སྟངས་སྤྱད་པར། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ“བེད་སྤྱོད་ཡང་སྐོར་བསྐྱར་སྐོར་དང་། མང་ཚོགས་ལ་ཕན་པ་ཐོབ”པའི་ཁོར་ཡུག་ཟབ་མོ་ཆགས་ཡོད།
མིག་སྔར། སྣང་རྫོང་གི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་སྣོད་བཅུད་ལས་གནས་སུ་ལས་མི་426ཡོད་ཅིང་། ལས་གནས་བཀོད་སྒྲིག་ཐད། སྣང་རྫོང་གིས་ཡུལ་བབ་དང་བསྟུན་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་འཐབ་ས་དང་པོའི་གད་པ་དང་། དབུལ་པོའི་ཁྱིམ་ཚང་ཡིན་ཁར་ངལ་ནུས་དང་འགན་འཁྲིའི་བསམ་བློ་ངེས་ཅན་ཡོད་པའི་མི་སྣར་གཟིགས་སྐྱོང་བྱེད་པ་དང་། ལས་གནས་སུ་མ་བསྐྱོད་གོང་དུ་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་མི་སྣར་གསོ་སྦྱོང་། སྣོད་བཅུད་དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་རིམ་བཞིན་འཛུགས་པ། གཞི་རིམ་གྱི་ཁོར་ཡུག་སྲུང་སྐྱོང་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་སྣོད་བཅུད་སྲུང་སྐྱོང་དང་གནད་སྨིན་དབུལ་སྒྲོལ་གཉིས་ཀར་ཕན་པ་བྱུང་ཡོད།
“ང་ཚོས་སྔོན་མའི་ལྟ་འདོམས་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ། ཞབས་འདེགས་ནས་ལས་འགོ་རྩོམ་པ་དང་། ཞབས་འདེགས་ཞུ་རིང་ཁྲིམས་འཛིན་དང་ཁྲིམས་འཛིན་བྱེད་རིང་ཞབས་འདེགས་ཞུ་བ་མཐའ་འཁྱོངས། ཁྲིམས་འཛིན་བྱེད་རིང་ཤེས་རྟོགས་བྱུང་བའི་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་རྐྱེན་ཅུང་ཆུང་བའི་གཏོར་བཤིག་བྱེད་སྤྱོད་ལ་སློབ་གསོ་གཏོང་བ་གཙོ་བོ་དང་ཆད་གཅོད་ཕལ་པར་འཛིན་པའི་བྱེད་སྟངས་སྤྱོད་པ། བསམ་བློའི་སློབ་གསོ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཁྱབ་སྤེལ་གཏོང་བ་བཅས་བརྒྱུད། རང་ངོས་ཀྱི་ནོར་འཁྲུལ་ཤེས་སུ་འཇུག་པ་དང་གཏོར་བཤིག་བཏང་བར་སྣོད་བཅུད་སླར་གསོ་བྱེད་དུ་བཅུག་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་སྣང་རྫོང་ཡན་ལག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
ད་ཆ་སྣང་རྫོང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ལས་དོན་སྤེལ་འགོ་ཚུཌ་ཚུན། སྣང་རྫོང་ལ་ཕུལ་བྱུང་གཟེངས་བསྟོད་ཐེངས་གཉིས་ཐོབ་པ་མ་ཟད། རྫོང་ཡོངས་ཀྱི་སྣོད་བཅུད་དམར་ཐིག་གཏན་འཁེལ་ལས་དོན་དང་རྒྱལ་ཡོངས་ཀྱི་སྦཌ་བཙོག་འབྱུང་ཁུངས་ཡོངས་བཤེར་ཐེངས་གཉིས་པའི་ལས་དོན་ལེགས་གྲུབ་བྱུང་ཡོད།
མིག་སྔར། རྫོང་ཡོངས་སུ་ནགས་ཚལ་ཁྱབ་ཚད་90%དང་། གྲོང་གསེབ་ཀྱི་འཐུང་ཆུའི་འཕྲོད་བསྟེན་ཁོར་ཡུག་གི་ཚད་གཞི་ལོན་ཚད་100% འཚོ་བའི་གད་སྙིགས་གནས་གཏན་འཁེལ་གྱི་འཇོག་འདྲེན་བྱེད་ཚད100%བཅས་ཟིན་ཏེ་སྔོ་ལྗང་སྲུང་ཡོལ་ཞིག་གྲུབ་ཡོད།