དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-23

    འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་ཆབ་མདོ་གྲོང་ཁྱེར་གྱིས་མི་བཟོས་ནགས་ཚལ་མུའུ་ཁྲི་41.86སྐྲུན་པའི་འཆར་གཞི་ཡོད་ཅིང་། མིག་སྔའི་བར་མུའུ་56873.9བསྐྲུན་ཟིན་པ་རེད། 2018ལོ་ནས་2020ལོ་བར། དཔལ་འབྱོར་ནགས་ཚལ་མུའུ་34981.96དང་དབུལ་སྐྱོར་སྡོང་ཕྲུག་ར་བ་མུའུ་13072སྐྲུན་པའི་འཆར་གཞི་བཏིང་ཡོད་ཅིང་། མིག་སྔར་ཚང་མ་ལེགས་གྲུབ་ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1287གྱི་མི་6211ལ་སྐུལ་ཁྲིད་བྱས་པར་མ་དངུལ་སྒོར་ཁྲི་2092ལྷག་ཙམ་བྱུང་བ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་3360ལྷག་ཙམ་རག་ཡོད། དུད་ཚང་423གྱི་མི་1999ལ་སྐུལ་ཁྲིད་བྱས་པར་མ་དངུལ་སྒོར་ཁྲི་840ལྷག་ཙམ་བྱུང་བ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་4200ལྷག་ཙམ་རག་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས་སྟག་མ་ལ་སྤྱི་གླིང་དང་། མིང་ཀྲུའུ་སྤྱི་གླིང་། གྲོང་ཨུད་ཀྱི་སྒོ་ར་སོགས་ལ་སྔོ་འགྱུར་བྱས་ནས་མེ་ཏོག་དབྱིང་ཧྭ་དང་ལོ་སྨུག་ལི་སོགས་སྡོང་རིང་ལྗོན་ཤིང་མུའུ་3700བཏབ་པ་དང་། གཡེར་སྟོད་གྲོང་ཚོའི་སྤྱི་གླིང་སྔོ་འགྱུར་བྱས་པར་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་33000ཟིན་པ་དང་སྤྱི་གླིང་གི་སྤང་ལྗོངས་82%ཟིན་པ། གཡེར་སྟོད་གྲོང་ཚོ་དང་ཐང་སྐྱའི་གྲོང་ཁྱེར་འགྲོ་ལམ་སྔོ་འགྱུར་བྱས་ནས་དྲི་ཞིམ་མེ་ཏོག་དང་ཧའེ་ཐང་སོགས་སྡོང་རིང་ལྗོན་ཤིང་རྐང་2500དང་ཤུག་པ་སོགས་སྔོ་ལྗང་སྡོང་པོ་རྐང་ཁྲི་7བཏབ་ཅིང་། འདི་ལོའི་ལོ་སྟོད་དུ་གྲོང་ཁུལ་གྱི་སྤང་ལྗོངས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་15ཙམ་ཟིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།