འདི་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་སྟག་རྩེ་ནས་དགའ་ལྡན་དགོན་ལམ་དུམ་ཉེ་འགྲམ་དུ་བོད་ལྗོངས་ཅུན་ཧྥུའུ་ཁོར་ཡུག་སླར་གསོ་ཚད་ཡོད་ཀུང་སིའི་ལས་དོན་པས་ཆུ་གཏོར་ཆས་སྒེར་བཞིན་པ།
2016ལོ་ནས་བཟུང་། རང་ལྗོངས་ཀྱིས《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ཀྱི་འགོག་སྲུང་ནགས་ཚལ་མ་ལག་དང་། བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར། བོད་ཀྱི་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་སོགས་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་ལག་ལེན་བསྟར་བ་བརྒྱུད། ནགས་བཟོ་སྔོ་འགྱུར་མུའུ་ཁྲི་532.93ལེགས་གྲུབ་བྱུང་ནས་རང་ལྗོངས་ལ་སྔོ་ལྗང་སྲུང་ཡོལ་ཞིག་བསྐྲུན་ཡོད།
ལྗོན་ཤིང་མང་པོ་བཙུགས་པས་ཁོར་ཡུག་མཛེས་སུ་ཕྱིན་པ།
རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལོ་གསུམ་ནང་ཚུན་དུ་ས་བབ་མཐོ་ཚད་སྨི་4300མན་དུ“ལྗོན་ཤིང་མེད་པའི་གྲོང་ཚོ་དང་། ལྗོན་ཤིང་མེད་པའི་དུད་ཚང་། ལྗོན་ཤིང་མེད་པའི་ཚན་པ”མེད་པའི་བླང་བྱར་གཞིཌ་ཏེ། འགོ་ཁྲིད་ལ་ཤུཌ་སྣོན་དང་། ཇུས་གཞི་གནད་སྨིན་བཟོ་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། མཐུན་སྦྱོར་ལ་ཤུགས་སྣོན་བཅས་བྱས་པ་རེད། མིག་སྔར། གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)ཁག་གིས་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མ་དངུལ་གྲབས་གསོག་ཧུར་ཐག་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་ལག་ལེན་བསྟར་བས། 2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དུ“ལྗོན་ཤིང་མེད་པའི་གྲོང་ཚོ”1079དང“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་10.47ལ་ལྗོན་ཤིང་བཏབ་པ་དང་། “ལྗོན་ཤིང་མེད་པའི་གྲོང་ཚོ”དང“ལྗོན་ཤིང་མེད་པའི་དུད་ཚང”མེད་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་སྟེ་ས་མཐོའི་སྔོ་ལྗང་ཁུལ་གྱི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་ས་མཐོའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལེའུ་གསར་པ་རྩོམ་འགོ་ཚུགས་ཡོད།
མང་ཚོགས་ཤིང་འཛུགས་ལས་ལ་ཞུགས་པས་ཡོང་འབབ་མང་དུ་ཕྱིན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྡོང་ཕྲུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ། ཁྱོན་བསྡོམས་མུའུ་ཁྲི་3.5ཟིན་པའི་ལྕང་སོན་ལེགས་གྲས་ཀྱི་འདེབས་འཛུགས་རྟེན་གཞི་9འཛུགས་སྐྲུན་ཧུར་ཐག་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་མུའུ་ཁྲིའི་ལྕང་སོན་ལེགས་གྲས་འདེབས་འཛུགས་རྟེན་གཞི་2འཛུགས་སྐྲུན་ལེགས་གྲུབ་ཟིན་ཡོད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་ཆབ་མདོ་གྲོང་ཁྱེར་གྱི་མུའུ་5000ཡན་གྱི་ལྕང་སོན་ལེགས་གྲས་འདེབས་འཛུགས་རྟེན་གཞི་2སྐྲུན་པར་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་བཞིའི་མུའུ་1000ཡན་གྱི་ལྕང་སོན་ལེགས་གྲས་འདེབས་འཛུགས་རྟེན་གཞི་5བསྐྲུན་ཡོད།
དེ་སྔ་ཡར་ཀླུང་གཙང་པོའི་ངོགས་ཀྱི་སྲིན་བུ་རི་གྲོང་ཚོར“བྱེ་ཐང་གྲོང་ཚོ”ཞེས་འབོད་ཀྱི་ཡོད། བྱེ་རླུང་ལྡང་ཤུགས་ཆེ་བས་ཞིང་ཁར་འབྲུ་རིགས་འདེབས་ཐབས་གཏན་ནས་མེད་སྟབས། ཀོ་ཆས་བཟོས་ནས་འབྲུ་རིགས་དང་བརྗེ་པོ་རྒྱག་པ་ལས་ཐབས་གཞན་མེད། ལོ་མང་རིང་ནགས་བཟོ་བ་ཚོས་དཀའ་སྤྱད་འབད་ཐབས་བྱས་པ་བརྒྱུད་ཡར་ཀླུང་གཙང་པོའི་ངོགས་གཉིས་སྔ་ས་ནས་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་པའི་གཡུ་ཡི་གཞོང་པ་ལྟ་བུར་གྱུར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་མང་ཚོགས་ཁྲི་3.04ལྷག་ཙམ་གྱིས་སྤྱི་ཕན་ནགས་ཚལ་གྱི་དོ་དམ་སྲུང་སྐྱོང་ལ་ཞུགས་པས། ལོ་ལྟར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་7373ལྷག་ཙམ་རག་གི་ཡོད་པ་དང་། ནགས་ལས་རྣམ་གྲངས་ཀྱིས་ལོ་ལྟར་མང་ཚོགས་ལ་ཡོང་འབབ་སྒོར་9000ལྷག་ཙམ་ཡོང་གི་ཡོད་པས“ས་གཞི་སྔོ་ལྗང་དུ་འགྱུར་ནས་མང་ཚོགས་འབབ་འཕར”མངོན་འགྱུར་བྱུང་ཡོད།
ས་མཐོར་ཤིང་འཛུགས་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་པ།
ཟླ་6ཚེས་9ཉིན། རང་ལྗོངས་ཀྱིས་2020ལོར་གནམ་གྲུས་སོན་འདེབས་ནགས་གསོའི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་། དེ་ནི་ལྗོངས་ཡོངས་སུ་གནམ་གྲུས་སོན་འདེབས་ནགས་གསོའི་ལས་དོན་སྤེལ་ཐེངས་དང་པོ་རེད། དེས་བོད་དུ་གནམ་གྲུས་སོན་འདེབས་ནགས་གསོ་བྱེད་མྱོང་མེད་པའི་སྟོང་ཆ་བསྐངས་ཡོད། ཉིན་20ལྷག་ཙམ་རིང་གནམ་གྲུ་ཐེངས་490བཏང་ནས་ཆུ་ཚོད་130ཡི་རིང་འཕུར་སྐྱོད་ལས་ཀ་བསྒྲུབས་པ་བརྒྱུད། མིག་སྔར། རང་ལྗོངས་སུ་འདི་ལོའི་གནམ་གྲུས་སོན་འདེབས་ནགས་གསོའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཡོད།
ད་ལོའི་ལོ་འགོར་ནཌ་བཟོའི་ཐད། “སྔོན་ལ་ནཌ་བཟོ་དང་རྗེས་སུ་ཁ་གསབ་སྤྲོད་པའི”ལས་དོན་སྤེལ་འགོ་ཚུཌ་པ་རེད། ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་གྲོང་ཁྱེར་གསུམ་དུ་ཚོད་ལྟའི་ལས་དོན་སྤེལ་བ་དང་། བྱ་གཞག་ཚན་པ་དང་། གཞུང་ཁོངས་ཁེ་ལས། སྒེར་གཉེར་ཁེ་ལས་བཅས་14ཚོད་ལྟའི་ལས་དོན་ལ་ཞུཌ་ཤིང་། ནཌ་བཟོ་མུའུ་ཁྲི་11བཀོད་སྒྲིག་བྱས་པ་དང་དོ་དམ་སྲུང་སྐྱོང་གི་བྱ་ཐབས་ལ་ཤུཌ་སྣོན་བརྒྱབ་པས་ནཌ་བཟོའི་སྤུས་ཚད་མངོན་གསལ་དོད་པོས་ལེཌ་སུ་ཕྱིན་པ་དང་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།