དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་གྱི་སྐུལ་སྤེལ་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-17

     ཉེ་ཆར་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་གྱི་སྐུལ་སྤེལ་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྲིད་ཇུས་རྒྱབ་ལྗོངས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང《རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》དང《རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གསལ་འགྲེལ་གཏིང་ཟབ་བྱས་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པ་གཉིས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་འདུན་ཞུའི་བརྒྱུད་རིམ་དང་ལམ་ལུགས་མ་ལག་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་མ་ཟད། ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)ཁག་གིས་དོ་ཁུར་བྱེད་པའི་གནད་དོན་གྱི་དོགས་གནད་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།