དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​སྣེའུ་ཁུལ་གསར་གྱི་སྣོད་བཅུད་ཤེས་དཔལ་འཛུགས་གཏོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-07

    ◆ ད་ལོར་མ་དངུལ་སྒོར་དུང་ཕྱུར་6བཏང་ནས་སྔོ་འགྱུར་ལས་གྲྭ་མང་པོ་ལག་བསྟར་བྱས་ཏེ། གྲོང་ཁྱེར་གྱི་སྔོ་ལྗང་རྒྱ་ཁྱོན་མུའུ་4000ལྷག་ཙམ་ཟིན་པ་དང་སྔོ་ལྗང་ཁྱབ་ཚད་45%ཟིན་པ།

    ◆ བྱང་ཕྱོགས་ཚོགས་སྒྲིག་ཚོགས་པའི་འཚོ་བའི་བཙོག་ཆུ་གཙང་གསིང་ནུས་ལྡན་བྱ་ཆེད་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་2000ཙམ་བཏང་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྣེའུ་ཁུལ་གསར་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་འཛུགས་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་རེས་སྐོར་དང་པོ་གོ་སྐབས་སུ་འཛིན་པ་བཅས་བྱས་ཏེ། ཆུ་དང་། ནགས་ཚལ། ཞིང་ཁ། མཚེའུ། རྩྭ་བཅས་ཀྱི་བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། སྡོད་མལ་ལ་འཚམ་པའི་མཛེས་སྡུག་གྲོང་གསེབ་བཏོད་པ། རྒྱལ་ཁབ་ས་ཆའི་སྔོ་ལྗང་འཕེལ་རྒྱས་མགྱོགས་སུ་བཏང་བ། གྲོང་ཁྱེར་གྱི་སྔོ་ཁེབས་ཁྱབ་ཁྱོན་ཆེ་རུ་བཏང་བ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་བཅས་ལས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇཌ་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མ་ཟད། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་བྱུང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

    དམངས་ཡོངས་ཤིང་འཛུགས་ནགས་གསོར་ཞུགས་ཏེ། སྣོད་བཅུད་ཁྱིམ་གཞིས་བཏོད་པ།

    ལོ་ལྟར་ནགས་བཟོ་བྱས་ནས་ཚང་ཚིང་ནགས་ཚལ་ཆགས། ཉེ་བའི་ལོ་ཤས་རིང་། སྣེའུ་ཁུལ་གསར་གྱིས་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་སྟེ། རི་འདབས་ནགས་བཟོའི་འདུ་འགོད་དང་། ཉེ་འཁོར་གྱི་རི་བོ་སྲུང་སྐྱོང་གི་འདུ་འགོད། གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་རྣམ་གྲངས། འོས་འགན་ཤིང་འཛུགས་སོགས་རྣམ་གྲངས་མང་པོ་ལག་བསྟར་བྱས་ཤིང་། དེ་གར་ཐང་ཤིང་དང་། ཤིན་ཅང་གི་སྦྱར་པ། ཡུན་ཧྲན་གསོམ་ཤིང་། རྒྱལ་རྩེའི་གླ་ཚེར་སོགས་སྡོང་རྐང་ཁྲི་10ལྷག་ཙམ་ཕྱོགས་བཞིར་བཏབ་པ་ལས་སྔོ་ལྗང་གིས་བསྐོར་བའི་གྲོང་ཁུལ་ཞིག་གྲུབ་ཡོད། དམངས་ཡོངས་ཧུར་ཐག་ཞུགས་པ་བརྒྱུད། ལྗོན་ཤིང་འཛུགས་པ་དང་། ལྗོན་ཤིང་ལ་དགའ་ཞེན། ལྗོན་ཤིང་ལ་སྲུང་སྐྱོང་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཟབ་མོ་ཞིག་བཏོད་དེ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པ”དང་སྣོད་བཅུད་སྲུང་སྐྱོང་ནི་མི་རབས་རྗེས་མར་བདེ་སྐྱིད་སྐྲུན་པའི་འདུ་ཤེས་སེམས་སུ་འཇགས་པར་བྱས་ཡོད།

    གྲོང་གསེབ་སྔར་བས་མཛེས་པར་གྱུར་ནས།

    ཡུལ་སྐོར་བྱ་གཞག་འཕེལ་རྒྱས་བྱུང་བ།

    2016ལོའི་ཚུན་དུ། སྣེའུ་ཁུལ་གསར་གྱིས“ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྒྲིག་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་དམིགས་ཚད་དུ་བྱས་ཏེ། སྲིད་འཛིན་གྲོང་ཚོ་4རུ་གྲོང་བབ་དང་བསྟུན་པ་དང་། ས་ཆར་གཞིགས་ནས་ཇུས་འདོན་པ། བྱ་ཐབས་གསར་གཏོད། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་པ་དང་། ལྷག་པར་དུ་སྟག་གདོང་གྲོང་ཚོས་དབུལ་སྒྲོལ་འགག་སྒྲོལ་དང་ས་གཙང་བདེ་ཐང་ཐོན་ལས་ལ་བརྟེན་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར་སྟག་གདོང་གྲོང་ཚོར་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་མང་པོ་ཡོད་པ་དག་ལྷ་སའི་ཉེ་འཁོར་དུ་སྐད་གྲགས་ཆོད་པའི་ཡུལ་སྐོར་གྱི་སྤུས་རྟགས་རྩེ་གྲར་གྱུར་པ་དང་། ཡུལ་སྐོར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་700ཙམ་ཟིན་གྱི་ཡོད། སྣོད་བཅུད་ལས་གྲོང་མི་ཚོའི་ཡོང་འབབ་མང་དུ་སོང་ལ། “སྔོ་ཞིང་དྭངས་པའི་རི་ཆུ་དེ་བས་མཛེས་སུ་གཏོང་བ་དང་། གསེར་རི་དངུལ་རི་ཡི་གཞི་རྒྱ་དེ་བས་ཆེ་རུ་གཏོང་བ། སྔོ་ལྗང་ཉིད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་ཤོས་སུ་འགྱུར་བ”བཅས་ཀྱི་འདུ་ཤེས་ཀྱང་ལག་བསྟར་ཏན་ཏིག་ཐུབ་ཡོད།

    སྡོད་མལ་ལ་འཚམ་པའི་ཁོར་ཡུག་བཏོད་པས།

    དྭངས་གཙང་ཆུ་མོ་སླར་ཡང་ཤང་ཤང་རྒྱུག་པ།

    ཉེ་བའི་ལོ་ཤས་རིང་། སྣེའུ་ཁུལ་གསར་གྱིས་སྤྱི་གླིང་འཛུགས་སྐྲུན་དང་གྲོང་ཁྱེར་ལྗང་འགྱུར་རིམ་སྤོར་སོགས་ཀྱི་རྣམ་གྲངས་ལག་བསྟར་ཤུཌ་ཆེན་བྱས་ཤིང་། ཆུ་རྒྱུད་སྤྱི་གླིང་དང་། གསང་མདའ་སྤྱི་གླིང་། དཔྱིད་འགོའི་མེ་ཏོག་ལྡུམ་ར་སོགས་ཁྱོན་བསྡོམས་གྲོང་ཁྱེར་གྱི་སྤྱི་གླིང་8བསྐྲུན་ཡོད། ད་ལོར་སླར་ཡང་མ་དངུལ་སྒོར་དུང་ཕྱུར་6བཏང་ནས་ལྷ་ས་སྐྱིད་ཆུའི་ངོགས་གཉིས་ཀྱི་སྔོ་འགྱུར་རིམ་སྤོར་ལས་གྲྭ་དང་། སྣེའུ་ཁུལ་གསར་གཙང་འགྲམ་ལམ་གྱི་སྔོ་ལྗང་སྤྱི་གླིང་འཛུགས་སྐྲུན་རྣམ་གྲངས། སྣེའུ་ཁུལ་གསར་གྱི་གྲོང་མིའི་སོས་དལ་ཐང་ཆེན་གྱི་རྣམ་གྲངས་བཅས་གཙོ་གནད་ཐོག་ལག་བསྟར་བྱས་པ་བརྒྱུད། གྲོང་ཁྱེར་གྱི་སྔོ་ལྗང་རྒྱ་ཁྱོན་མུའུ་4000ལྷག་ཙམ་ཟིན་པ་དང་། སྔོ་ལྗང་ཁྱབ་ཚད་45%ཟིན་ཡོད་པ་རེད།

    སྣེའུ་ཁུལ་གསར་གྱིས་གྲོང་ཁྱེར་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་ལས་ཀར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མིག་སྔར་འཚོ་བའི་གད་སྙིགས་ཚང་མ་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙང་སེལ་བྱ་ཡུལ་དུ་དབོར་ཡོད་ལ། བྱང་ཕྱོགས་ཚོགས་སྒྲིག་ཚོགས་པའི་འཚོ་བའི་བཙོག་ཆུ་གཙང་གསིང་ནུས་ལྡན་བྱ་ཆེད་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་2000ཙམ་བཏང་ནས་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།