དབྱར་དཔལ་སྒེག་མོའི་འཛུམ་མདངས་རབ་ཏུ་རྒྱས་པའི་དུས་འདིར། ལྷ་སར་ཉི་འོད་རབ་ཏུ་འཕྲོ་ཞིང་། སྐྱེ་དངོས་མཐའ་དག་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། དེས་མ་ཟད་པད་ཁའི་མེ་ཏོག་ཀྱང་དུས་ཚིགས་འདིར་རིམ་གྱིས་བཞད་ཀྱི་ཡོད། དེ་རིང་། ང་ཚོ་མཉམ་དུ་པད་ཁའི་མེ་ཏོག་ལ་ལྟ་བར་འགྲོ་དང་།
བཀྲ་ཤིས་སྒང་གྲོང་ཚོའི་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག
བཀྲ་ཤིས་སྒང་གྲོང་ཚོའི་པད་ཁའི་མེ་ཏོག་གི་ཞིང་ཁའི་ཟུར་ཞིག
སྟོད་ལུང་བདེ་ཆེན་ཆུས།
ལམ་ཐིག མཚོ་བོད་གཞུང་ལམ་རྒུ་རུམ་དུམ་བུ། མཚུར་ཕུ་ལུང་ཤུར།
ཁྱད་ཆོས། མཚུར་ཕུ་ལུང་ཤུར། རྒུ་རུམ་ཤང་དུ་གནས་པ་དང་ཧ་ཅང་མཛེས་པའི་རང་བྱུང་ཁོར་ཡུག་དང་མཛེས་ལྗོངས་ཀྱི་ཐོན་ཁུངས་ཁྱད་ཆོས་གཙོ་བོར་བྱས་ཤིང་། འདི་གར་ནམ་མཁའ་སྔོ་ལ་རི་བོ་མཐོ་ཞིང་ཆུ་མོ་དྭངས་བ་དང་ནས་ཞིང་དང་པད་ཁའི་མེ་ཏོག་ལས་རང་བྱུང་གི་ཚོན་གཞོང་ཞིག་གྲུབ་ཡོད།
པད་ཁའི་མེ་ཏོག་གིས་བསྐོར་བའི་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་།
བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་མིས་ཞིང་ནང་ནས་རྩྭ་ངན་བཀོག་པ།
སྟག་རྩེ་ཆུས།
ལམ་ཐིག ལྷ་ས་གྲོང་ཁུལ—ཞིང་ཆེན་ལམ་202—འབྲོམ་ཐོད་ཤང—སྟག་རྩེ་ཟམ་ཆེན—རྒྱལ་ལམ་318—བདེ་ཆེན་གྲོང་རྡལ—ཤར་སྐོར་ལམ་གྱི་ལྷོའི་དུམ་བུ—ཚལ་གུང་ཐང—ལྷ་ས་གྲོང་ཁུལ།
ཁྱད་ཆོས། ཤར་ངོས་ཀྱི་པད་ཁའི་མེ་ཏོག་བཞད་མགྱོགས་པ་ཡོད། ཤར་ཕྱོགས་སུ་ཞིང་ཆེན་ལམ་202བརྒྱུད་ན་སྟག་རྩེ་ཆུས་འབྲོམ་ཐོད་ཤང་དུ་འབྱོར་གྱི་ཡོད། དེ་གར་པད་ཁའི་མེ་ཏོག་བཞད་ནས་ཡོད། འབྲོམ་ཐོད་ཤང་སྲིད་གཞུང་གི་ཉེ་འགྲམ་ནས་མུ་མཐུད་ལྷོ་ཕྱོགས་སུ་སྟག་རྩེ་ཟམ་ཆེན་བརྒྱུད་ནས་བསྐྱོད་ན་ཡང་པད་ཁའི་མེ་ཏོག་གི་ཞིང་ཁ་མཐོང་ཐུབ།
པད་ཁའི་མེ་ཏོག་སྟེང་དུ་བབས་པའི་ཕྱེ་མ་ལེབ།
ལྷུན་གྲུབ་རྫོང་།
ལམ་ཐིག ལྷ་ས་གྲོང་ཁུལ—ཞིང་ཆེན་ལམ་202—འབྲོམ་ཐོད་ཤང—དཔལ་འབྱོར་གླིང་ཤང—ལྕང་ར་ཤར་ཤང—བྱང་ཁ་ཤང—མཁར་རྩེ་ཤང་།
ཁྱད་ཆོས། གལ་ཏེ་ཞིང་ཆེན་ལམ་202བརྒྱུད་མུ་མཐུད་ཤར་ཕྱོགས་སུ་བསྐྱོད་ན་ལྷུན་གྲུབ་རྫོང་ཁོངས་སུ་སླེབས་ཀྱི་ཡོད། དཔལ་འབྱོར་གླིང་ཤང་ནས་མུ་མཐུད་ཕྱིན་ན་ལམ་ངོགས་གཉིས་ནས་པད་ཁའི་མེ་ཏོག་མཐོང་ཐུབ་པ་དང་སེར་ལམ་ལམ་གྱི་པད་ཁའི་ཞིང་ཁ་དང་ནས་ཞིང་མཉམ་དུ་སྡེབས་ནས་བཏབ་ཡོད་པས་མཛེས་ལྗོངས་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡོད།
ལྷུན་གྲུབ་རྫོང་ཁོངས་ཀྱི་ཞིང་ཁའི་མཛེས་ལྗོངས།
མལ་གྲོ་གུང་དཀར་རྫོང་།
ལམ་ཐིག ལྷ་ས་གྲོང་ཁུལ—ཚལ་གུང་ཐང—ལྷ་ཉིང་རིམ་མཐོའི་གཞུང་ལམ—མལ་གྲོ་གུང་དཀར་རྫོང་།
ཁྱད་ཆོས། ཉེ་ཆར། མལ་གྲོ་གུང་དཀར་རྫོང་གི་མུའུ་ཁྲིའི་པད་ཁའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་བཀྲ་ཤིས་སྒང་གྲོང་ཚོར་འགོ་ཚུགས་པ་དང་རབ་ཏུ་བཞད་པའི་པད་ཁའི་མེ་ཏོག་གིས་སྐྱེ་བོ་ཀུན་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་རྒྱུ་རེད།
མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་འོང་སྐོར་སྐབས་ཡུལ་མི་ཚོས་གཟབ་མཆོར་སྤྲས་ནས་ཞིང་ཁར་སྐོར་བ་རྒྱག་བཞིན་པ།