ཚེས་26ཉིན“འཛུམ་ཞལ་ལྷ་ས”ཞེས་པའི་ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་རྩལ་ནུས་ཞབས་ཞུའི་འགྲན་བསྡུར་སྐབས་གཉིས་པ་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། གྲོང་ཁྱེར་ཡོངས་ཀྱི་བདམས་ཐོན་པ་170ལྷག་ཙམ་གྱིས་དུས་ཡུན་གཟའ་འཁོར་གཉིས་ཀྱི་འགྲན་བསྡུར་དང་། ཐོག་མའི་འགྲན་བསྡུར། དྲ་རྒྱའི་དཔྱད་འདེམས་སོགས་བརྒྱུད། མཐར“ཡུལ་སྐོར་སྣེ་ཤན་ཞབས་ཞུའི་གྲགས་ཅན་པ”དང་། “ཡུལ་སྐོར་སྣེ་ཤན་གྱི་མ་འོངས་གྲགས་ཅན་པ” “སྒྲོག་འགྲེལ་ཞབས་ཞུའི་གྲགས་ཅན་པ” “མགྲོན་ཁང་ཞབས་ཞུའི་གྲགས་ཅན་པ” “གུས་ལུགས་ཞབས་ཞུའི་གྲགས་ཅན་པ” “ཚོགས་པའི་ཞབས་ཞུའི་གྲགས་ཅན་པ”སོགས་ཀྱི་བྱ་དགའ་སྣ་ཚོགས་དཔྱད་འདེམས་བྱུང་ཡོད།
“ལས་རིགས་ཀྱི་ཉམས་འགྱུར་མངོན་པར་བྱེད། ལས་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ད་ཐེངས་ཀྱི་འགྲན་བསྡུར་དེ་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། འགྲན་བསྡུར་དེ་འདྲ་ཞིག་བྱས་པའི་དམིགས་ཡུལ་ནི་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་བྱས་ནས་གསོ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་རྩལ་ནུས་སློབ་སྦྱོང་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཏན་ཏན་ཏིག་ཏིག་བྱེད་པ་དང་། ལག་རྩལ་ཧུར་ཐག་སྦྱོང་བ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་ཀྱི་འཐབ་ས་དང་པོའི་ལས་ཞུགས་མི་སྣའི་སེམས་ཤུགས་འཕེལ་བ་བྱེད་པ། གསོ་སྦྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཤེས་ལྡན་པ་ཤེས་རྟོགས་བྱེད་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཡུལ་སྐོར་ཁེ་ལས་ཀྱི་ཆོད་སེམས་འཕེལ་བ་བྱེད་པ། སྤུས་ལེགས་ཞབས་ཞུར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྙིང་རུས་འཕེལ་བ་བཅས་བྱས་ཏེ་ལྷ་སའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་རྒྱུན་ཆད་མེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་དེ་རེད།