
ཉེ་དུས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དུ་གྱུར་པར་བརྟེན་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་སླར་ཡང་འཕེལ་ནས་ཕོ་བྲང་པོ་ཏ་ལ་དང་། བར་སྐོར། གཙུག་ལག་ཁང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ཡུལ་སྐོར་ལས་རིགས་རིམ་གྱིས་སླར་གསོ་བྱུང་ཞིང་། འདི་ནི་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་མདུན་དུ་པར་རྒྱག་བཞིན་པ།