དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྗང་མདོག་འདི་ཉིད་ཆེས་མཛེས་སྡུག་ལྡན་པའི་རི་ཀླུང་གི་གཞི་རྩར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-20

    དབྱར་འགོའི་དུས་ཚིགས་སུ་ས་མཐོའི་ས་གཞི་ཆེ་མོར་གནམ་གཤིས་དྲོ་རུ་ཕྱིན་ཏེ་སྔོ་ལྗང་ལོ་འདབ་རྒྱས་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་འཕྱུར་བཞིན་མཆིས། ད་ཆ་སྔོ་བསངས་ཀྱི་ནམ་མཁའ་དང་། དྭངས་ཤིང་གཙང་བའི་ཆུ་བོ། སྔོ་ཐིང་ཐིང་གི་སྤང་ལྗོངས་བཅས་ཀྱི་དགའ་བའི་རྣམ་པ་དེ་དག་ནི། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་བ་ཞིག་དང་། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མཐོ་ས་བསྐྲུན་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་དོན་འཁྱོལ་ཧུར་ཐག་བྱས་པ་ལས་བྱུང་བ་ཞིག སྤྱི་ཚོགས་ལས་རིགས་ཁག་དང་ལྷག་པར་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཧུར་ཐག་ཞུགས་ནས་དཀའ་སྤྱད་དང་རྔུལ་ཆུ་བཏོན་པ་ལས་བྱུང་བ་ཞིག་བཅས་རེད།

    སྡོད་མལ་ཁོར་ཡུག་དེ་བས་ལེཌ་སུ་ཕྱིན་པ།

    “འགྱུར་ལྡོག་དེ་འདྲ་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད། ད་ཆ་ཁོར་ཡུག་ལེགས་པོ་དེ་འདྲའི་ནང་འཚོ་བ་སྐྱེལ་རྒྱུ་བྱུང་བ་དེ་ནི་བདེ་སྐྱིད་རང་རེད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གཙང་བྲན་སྡེ་ཁུལ་དྲོ་སྐྱིད་སྡོད་ཁུལ་གྱི་གྲོང་མི་སྐུ་ཞབས་ལིའུ་ལགས་ཀྱིས་དེ་ལྟར་བཤད།

    ལོ་གཉིས་ཀྱི་གོང་དུ། གང་སར་རྩྭ་ངན་གྱིས་ཁེངས་པ་དང་གད་སྙིགས་གང་སར་སྤུངས་པའི་དྲོ་སྐྱིད་སྡོད་ཁུལ་དེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་དག་ཐེར་བླང་བྱ་ཁ་གསལ་བཏོན་པའི་ཁྲོད་ཀྱི་རྣམ་གྲངས་ཀྱི་གྲས་ཤིག་རེད།

    ལོ་གཉིས་ལྷག་ཙམ་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ལྷ་ས་གྲོང་ཁྱེར་བཅས་ཀྱི་འབད་བརྩོན་འོག་ས་ཆ་དེ་ཆུ་མོ་དྭངས་ལ་སྔོ་ལྗང་གིས་བརྒྱན་པའི་ཆུ་ལམ་སྤྱི་གླིང་ཞིག་ཏུ་བསྐྲུན།

    ད་ཆ་ལྷ་ས་གྲོང་ཁྱེར་གྱི་ཆུ་ལམ་དཀྱིལ་མ་དང་། ཆུ་ལམ་ལྷོ་མ། ཆུ་ལམ་བྱང་མ། རྔ་ཆེན་ཡུག་ཁུལ་ལྟེ་གནས་ཀྱི་ཆུ་ལག ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཆུ་ལག་བཅས་མཉམ་མཐུད་དང་། གད་སྙིགས་མཉམ་བསྡུ། སྔོ་ལྗང་མཛེས་ལྗོངས་བསྒྱུར་བཀོད་བཅས་ཀྱི་སྣོད་བཅུད་བཅོས་སྐྱོང་འདུ་འགོད་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོ་ཡང་ལས་ཡུལ་དངོས་སུ་ཐེངས་མང་ཕེབས་ནས་བརྟག་ཞིབ་མཛུབ་ཁྲིད་གནང་བ་དང་སྔོན་དཔགས་ལྟར་ན་ལས་གྲྭ་དེ་འདི་ལོའི་ལོ་མཇུག་ཏུ་ཚར་རྒྱུ་ཡིན་པ་རེད།

    2019ལོ་ནས་བཟུང་རང་ལྗོངས་ཀྱིས་གཙང་ཆུ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་བཟོས་པ་མ་ཟད། ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུ་ཕྱོགས་བསྡུས་བཅོས་སྒྲིག་དང་སྣོད་བཅུད་སླར་གསོའི་འདུ་འགོད་ལག་བསྟར་བྱས་ཏེ། གཙང་པོ་དང་མཚེའུའི་ངོགས་ཀྱི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་དང་། 

     ས་ཆུ་ཤོར་རིགས་སྲུང་འཛིན་སྔོན་འགོག་ལྟ་སྐུལ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཙང་པོ་དང་མཚེའུ་ལ་རྒྱུན་གཏན་ལྟ་སྐུལ་དོ་དམ་སྐོར་ཞིབ་བྱེད་པའི་ལམ་ལུགས་དོན་འཁྱོལ་བཅས་བྱས་ཏེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་དང་ཕྱོགས་ཡོངས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    2019ལོ་ཚུན་དུ། རང་ལྗོངས་ཀྱིས་ཆུ་མིག་ལམ་གྱི་འདམ་རའི་སྤྱི་གླིང་བསྐྲུན་རྒྱུ་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་ཏེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་སྟོད་སྡེ་ཁུལ་དང་ལྕགས་རོང་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཁར། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྤྱི་པའི་གསང་སྤྱོད་བེད་སྤྱོད་སོགས་འཚོ་བའི་དར་སྲོལ་གསར་པ་ཉིན་བཞིན་ཆགས་བཞིན་ཡོད།

    མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ཕན་ཚུན་གཞོགས་འདེགས་ཁྲོད། ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་དེ་བས་མཛེས་སུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་གྱི་ཉམས་མྱོང་དང་བྱེད་ཐབས་ཀྱང་རང་ལྗོངས་ཀྱི་གྲོང་ཁྱེར་ཁག་གིས་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་གྱི་དཔེ་ལྟ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་སྒེག་ཉམས་ས་མཐོའི་ས་གཞི་ཆེ་མོར་ཡང་ཁྱབ་བཞིན་ཡོད།

    སྣོད་བཅུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་བསྐྲུན་པ།

    ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོའི་སྲིན་པོ་རིའི་བཀོད་སྒྲིག་བྱ་ཡུལ་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཡོད་པ་དང་གོང་དཀར་གནམ་ཐང་དང་བར་ཐག་སྤྱི་ལེ་20ཙམ་ལས་མེད་ཅིང་། བཀོད་སྒྲིག་བྱ་ཡུལ་དེ་ནི་ས་བབ་མཐོ་བ་དང་རང་བྱུང་ཆ་རྐྱེན་ཞན་པའི་སར་གནས་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལེགས་སུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་གཙོ་གནད་གནས་སྤོའི་བཀོད་སྒྲིག་རྣམ་གྲངས་ཤིག་རེད་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚོན་རྟགས་རང་བཞིན་གྱི་འདུ་འགོད་ཅིག་ཀྱང་རེད། རང་ལྗོངས་ཀྱིས་གནས་དེ་བསྐྲུན་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། འགོ་ཁྲིད་གཙོ་བོ་དེ་གར་ཐེངས་མང་ཕེབས་ནས་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་ཡོད། མིག་སྔར་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།

    ཕྱོགས་མང་དང་འབྲེལ་བ་ཡོད་པའི་མ་ལག་རང་བཞིན་གྱི་འདུ་འགོད་ནང་། སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ནི་མེད་དུ་མི་རུང་བའི་ལྷུ་ཚིགས་ཤིག་རེད།

    འཆར་འགོད་ལག་བསྟར་བྱས་པའི་དེང་རབས་ཤིང་འབྲས་ལས་རིགས་དང་། དེང་རབས་འབྲོག་ལས། སྒྲིག་བཀོད་ཞིང་ལས་སོགས་ལེ་ལག་ཐོན་ལས་ཀྱིས་གནས་སྤོས་མང་ཚོགས་ཐོན་ལས་ལ་བརྟེན་ནས་ཕྱུག་པོ་ཆགས་རྒྱུའི་འགན་ལེན་བྱས་པ་དང་། གནས་སྤོས་བྱ་ཡུལ་མཐའ་འཁོར་དང་རི་རྒྱུད་ཀྱི་སྣོད་བཅུད་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཕན་པ་ཐོན་ཡོད། མིག་སྔར་གནས་སྤོས་བྱ་ཡུལ་གྱི་རི་བོ་མང་ཆེ་བ་སྔོ་ལྗང་དུ་འགྱུར་བ་དང་བྱེ་འགོག་བྱེ་བཅོས་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད། བདེ་སྡོད་སྡོད་ཁང་གི་རྒྱབ་མདུན་དང་སྡེ་ཁུལ་གྱི་ས་སྟོང་དུ་ལྗོན་ཤིང་དང་མེ་ཏོག་བཏབ་ནས་མང་ཚོགས་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ཡོད།

    2019ལོར་རང་ལྗོངས་ཀྱིས་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་དང་། བྱེ་འགོག་བྱེ་བཅོས། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་བཅས་ཀྱི་ལས་དོན་མུ་མཐུད་སྤེལ་བ་དང་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་130.7བྱས་ཡོད། སྣོད་བཅུད་ཀྱི་དམར་ཐིག་རགས་ཙམ་གཏན་འཁེལ་བྱས་ཏེ། ལྗོངས་ཡོངས་ཀྱི་ས་ཁོངས་45%སྲུང་སྐྱོང་གི་ཁྱབ་ཁོངས་ནན་ཤོས་སུ་བཅུག་ཡོད། སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་ཀྱི་སྣ་ཁ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།

    “སྣོད་བཅུད་+”ལས་མང་ཚོགས་ཕྱུག་པོར་གྱུར་བ།

    2019ལོར་རང་ལྗོངས་ཀྱིས“སྣོད་བཅུད་+ཞིང་འབྲོག”དང“སྣོད་བཅུད་+ཡུལ་སྐོར”སོགས་ཀྱི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ་དང་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་ལ་རིགས་ཁག་གི་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་97.7དོན་འཁྱོལ་བྱས་པར་བརྟེན། མང་ཚོགས་ཚོས“སྔོ་ལྗང”ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་ཐུབ་ཡོད།

    2019ལོ་ནས་2020ལོ་ཚུན་དུ་རང་ལྗོངས་ཀྱིས་སྣོད་བཅུད་ཤེས་དཔལ་དཔེ་སྟོན་འཛུགས་སྐྱོང་ལས་དོན་ཤུགས་ཆེན་སྤེལ་ཞིང་། ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། གྲོ་མོ་རྫོང་། བྲག་ཡིབ་ཆུས། འདམ་གཞུང་རྫོང་བཅས་ལ་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བདེ་བླག་ངང་བསྐྲུན་པ་དང་། ལྷུན་རྩེ་རྫོང་དུ་རྒྱལ་ཁབ་ཀྱི“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་བསྐྲུན་ཡོད། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ས་ཁུལ་དང་གྲོང་ཁྱེར་2དང་། སྣོད་བཅུད་རྫོང་22 སྣོད་བཅུད་ཤང་དང་གྲོང་རྡལ་269 སྣོད་བཅུད་གྲོང་ཚོ་3087བཅས་ལ་མིང་བཏགས་ཡོད།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལོ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་དེར། རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་ཁ་གསལ་བཏོན་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་ཁག་དགུ་ལེགས་གྲུབ་བྱས་ནས་མི་དམངས་མང་ཚོགས་ལ་ཕན་འདོགས་པའི་དམངས་འཚོའི་བདེ་རྩ་མུ་མཐུད་མཁོ་འདོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།