དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བསོད་ནམས་འགག་སྒོ་ནས་ཟངས་རི་དུམ་བུའི་བཅོས་སྒྲིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-03

    ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བསོད་ནམས་འགག་སྒོ་ནས་ཟངས་རི་དུམ་བུའི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་ད་ཆ་རིགས་པས་ཁུངས་སྐྱེལ་དང་། འབྲེལ་མཐུད། སྐུལ་འདེད་བཅས་ཀྱི་དུས་མཚམས་སུ་སླེབས་ཡོད་པ་རེད།

    ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བསོད་ནམས་འགག་སྒོ་ནས་ཟངས་རི་དུམ་བུའི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་ལས་དཔལ་འབྱོར་དང་སྤྱི་ཚོགས། སྣོད་བཅུད་བཅས་ཀྱི་ཕན་འབྲས་འདོན་སྤེལ་ཏན་ཏིག་ཐུབ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཇུས་འགོད་དང་ཇུས་གཞི་སྔར་བས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་རྣམ་གྲངས་ཀྱི་ཚན་རིག་རང་བཞིན་དང་། ལག་ལེན་བསྟར་འཐུས་རང་བཞིན་ཞིབ་འཇུག་དང་། དེ་བཞིན་ཕན་འབྲས་དབྱེ་ཞིབ་བཅས་ཡག་པོ་བྱས་ཏེ་ཇུས་འགོད་དེ་བས་ཚན་རིག་དང་མཐུན་ལ་དོན་དངོས་དང་འཚམ་པར་བྱས་པ་རེད། དེ་དང་ཆབས་ཅིག་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་རྣམ་གྲངས་ཀྱི་ཞིབ་འཇུག་སྙན་ཞུར་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་སྙན་ཞུའི་ཚན་རིག་རང་བཞིན་ཆེ་རུ་བཏང་ཞིང་། གོང་རིམ་སྡེ་ཚན་ལ་རང་འགུལ་ངང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཞིབ་མཆན་འགོད་པའི་དུས་བཀག་ཐུང་དུ་གཏོང་གང་ཐུབ་དང་རྣམ་གྲངས་གང་མགྱོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། རང་སྐྱོང་ལྗོངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་མཐུད་དང་སྙན་སེང་ཞུ་བར་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་དང་མ་དངུལ་སོགས་་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་དང་། འཛུགས་སྐྲུན་ནང་ཞུགས་པའི་ཁེ་ལས་དབར་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མིག་སྔར་འཕྲད་པའི་དཀའ་ངལ་ཐག་གཅོད་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་གྱི་དུས་འགོའི་གྲ་སྒྲིག་ལས་དོན་ལེགས་པར་བསྒྲུབས་པ་རེད། སྡེ་ཚན་ཁག་གིས་ཕན་ཚུན་གཞོགས་འདེགས་དང་རོགས་རམ་བྱས་ཏེ་གོང་ནས་འོག་དང་འོག་ནས་གོང་བར་གྱི་མཉམ་ཤུཌ་ཤིག་ཆགས་པ་དང་། “མཉམ་དུ་ཞིབ་བཤེར་དང་མཉམ་དུ་ཆོག་མཆན་སྤྲོད་པ”དང“ཐོག་མེད་འགྲོ་ལམ”སོགས་ཀྱི་བྱེད་ཐབས་སྔར་བས་འཚོལ་ཞིབ་དང་གསར་གཏོད་བྱས་ཤིང་། ཁ་པར་བརྒྱུད་ནས་གཉེར་བ་དང་དྲ་ཐོག་ནས་གཉེར་བ་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་ཧུར་ཐག་གཏོང་བ། ཐབས་ཇུས་ལེགས་པོ་མང་ཙམ་འདོན་པ་དང་འབད་འབུངས་ཧུར་བརྩོན་བྱེད་པ། འཕེལ་རྒྱས་ལ་དམ་འཛིན་ལྷོད་མེད་དང་། རྣམ་གྲངས་ལ་མུ་མཐུད་དམ་འཛིན། ཞབས་ཞུར་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ལས་གྲྭ་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།