2019ལོར། ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ། བྱ་ཐབས་སྣ་མང་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།
“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་གཏིང་ཟབ་བྱས་ནས“དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ”ཟུང་འབྲེལ་གྱི་ལས་དོན་སྒྲུབ་སྟངས་ལ་སྐུལ་འདེད་བཏང་ཞིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་མཆན་དབང་ཆ་གཤམ་དུ་སྤྲད་དེ། ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་དབང་འགན་གསལ་ཐོ་152ལེགས་སྒྲིག་བྱས་པ་རེད། “རིམ་བཞིའི་གཅིག་མཚུངས་བཞིའི”སྲིད་དོན་ཞབས་ཞུའི་ནང་དོན་གསེད་བཀྲོལ་གྱི་ལས་དོན་སྤེལ་ནས་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་དང་། བཙོག་འབུད་ཆོག་འཐུས། ཉེན་ཁའི་སྙིགས་རོ་དོ་དམ། ཁོར་ཡུག་ཁྲིམས་འཛིན་སོགས་ཞབས་ཞུའི་ནང་དོན་37ལ་གསེད་བཀྲོལ་བྱས་པ་དང་། དྲ་ཐོག་ནས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་མཆན་སྤྲོད་པའི་ནང་དོན་25ལ་ངོས་འཛིན་བྱས་པ་རེད།
བཙོག་འབུད་ཆོག་འཐུས་ལ་དོ་དམ་ནན་པོ་བྱས་ཤིང་། སྒྲིག་སྲོལ་གཞིར་བཟུང་བཙོག་འབུད་ཆོག་འཐུས་ལག་ཁྱེར་དཔྱད་སྤྲོད་ལས་དོན་སྤེལ་བ་མ་ཟད། རྒྱལ་ཁབ་ཀྱི་བཀོད་སྒྲིག་གཞིར་བཟུང་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཀྱིས་དྲ་ཐོག་ནས་བཙོག་འབུད་ཆོག་འཐུས་ལག་ཁྱེར་རེ་ཞུའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། 2019ལོའི་ཟླ་11ཚེས་30ཉིན་བར། དྲ་ཐོག་ནས་ཚོང་དུད་25ལ་བཙོག་འབུད་ཆོག་འཐུས་ལག་ཁྱེར་སྤྲད་པ་རེད།
ཁོར་ཡུག་ཆོག་འཐུས་ལམ་ལུགས་ལག་ལེན་ནན་པོ་བསྟར་ཞིང་། འཆར་འགོད་དང་། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་མི་མཐུན་པར་ཁོར་ཡུག་ལ་སྦགས་བཙོག་ཤུགས་ཆེན་བཟོ་བ་དང་འབུད་གཏོང་གི་ཚད་གཞི་མ་ལོན་པའི་རྣམ་གྲངས་ལ་ཞིབ་མཆན་མི་སྤྲོད་པར། ཁོར་ཡུག་སྦགས་བཙོག་དང་སྣོད་བཅུད་གཏོར་སྐྱོན་འབྱུང་རྩ་ནས་ཚོད་འཛིན་ནན་པོ་བྱས་པ་རེད། ལག་བསྟར་གཉེར་སྐྱོང་བ་དང་། ཚན་ཁག་གི་འགན་འཁུར་བ། ལས་འགན་ཁག་བགོས་ཀྱི་འགོ་ཁྲིད། གཙོ་འགན་འཁུར་མཁན་འགོ་ཁྲིད་བཅས་རིམ་བཞིའི་ཞིབ་བཤེར་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས། ཚོར་སྣང་སྐྱེན་པོའི་ཁུལ་དང་འབྲེལ་བ་ཡོད་པའི་འཛུགས་སྐྲུན་རྣམ་གྲངས་ཡིན་ན་ཅུས་ཀྲང་གཞུང་ལས་ཁང་གིས་མཉམ་སྡེབ་ཞིབ་བཤེར་གྱི་ཐབས་ལམ་སྤྱོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པའི་ཆུ་ཚད་མཐོ་རུ་བཏང་བ་རེད།