ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཁང་དེས་སྡོང་ཕྲུག་རྐང་ཁྲི་100ལྷག་ཙམ་སྤོ་འཛུགས་བྱས་པ་དང་། སྡོང་ཕྲུག་གི་རིགས་སུ་ཀྲང་ཙེ་སུང་དང་། ཧོ་པེའི་སྦྱར་པ། ལོ་མ་ཕྲ་མོའི་རྒྱ་ལྕང་དམར་པོ་སོགས་རིགས་20ལྷག་ཙམ་ཡོད་པ་དང་། ཉེ་བའི་ལོ་3རིང་ཁང་དེས་རིམ་རྩིས་བྱས་ན་སྤོ་འཛུགས་བྱས་པའི་སྡོང་ཕྲུག་རྐང་ཁྲི་500ལྷག་ཙམ་ཟིན་པ་དང་ཁྱོན་སྣ་ཁ་33ཡོད།
ལྗོངས་ནགས་ལས་ཚན་རིག་ཞིབ་འཇུག་ཁང་དེ་ཉིད་རང་ལྗོངས་ཀྱི་ཡུལ་ཤིང་སྤུས་ལེགས་ཐོན་སྐྱེད་ནུས་པ་ལྡན་པའི་ཚན་ཞིབ་ཚན་པ་ཞིག་ཡིན་པའི་ངོས་ནས། ནགས་ལས་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཀྱི་འགག་རྩའི་རང་བཞིན་གྱི་ཚན་རིག་ལག་རྩལ་གྱི་གནད་དོན་གལ་ཆེན་གྱི་བེད་སྤྱོད་ཞིབ་འཇུག་དང་། རྨང་གཞིའི་ཞིབ་འཇུག གསར་སྤེལ་ཞིབ་འཇུག་བཅས་ལ་གཙོ་བོར་གཞོལ་གྱི་ཡོད། ནགས་ཤིང་གི་སོན་བཟང་ཀྲང་ཙེ་སུང་དང་། ཁམ་བུ་དཀར་པོ། ཚེར་ཅན་ཚོས་སེར་སྡོང་པོ་སོགས་ནང་འདྲེན་བྱེད་པ་དང་། ཡུལ་ཤིང་སྡོང་ཕྲུག་སྤེན་དཀར་སྤེན་ནག་དང་། སེ་རྒོད། འབྲུག་ཤིང་སོགས་སྣ་ཁ་བཟང་པོ་སྐྱེད་སྲིང་བྱེད་ཀྱི་ཡོད། ལོ་མང་གི་ཞིབ་འཇུག་དཔེ་སྟོན་ཁྱབ་གདལ་བརྒྱུད་མིག་སྔར་ཡུལ་ཤིང་སྡོང་ཕྲུག་རིགས་78ཀྱི་གནད་ལ་སྨིན་པའི་སྡོང་གསོའི་ལག་རྩལ་ཁོང་དུ་ཆུད་ཡོད།