དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ས་མཐོའི་རི་ཀླུང་སྔོ་ལྗང་གོས་ཀྱིས་བཀླུབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-14

    723685_yis_1586755049152_s.jpg

    འདི་ནི་མཛེས་ཤིང་ལྟ་ན་སྡུག་པའི་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོ་འདྲེས་མཚམས་ཀྱི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ།

    ཟླ་བཞི་པའི་གངས་ལྗོངས་ས་མཐོར་དཔྱིད་རླུང་དལ་བུར་ལྡང་། གངས་འཁྱག་གིས་བསྡམས་པའི་ས་གཞིར་རྩི་ཤིང་གི་མྱུ་གུ་རྒྱས་བཞིན་ཡོད།

    ལྷ་ས་སྐྱིད་ཆུའི་འགྲམ་གྱི་སྔོ་ལྗང་གིས་བརྒྱན་པའི་ལྷོ་རིའི་སྤྱི་གླིང་དང་། བྱ་བྱིའུ་ཅི་དགར་རོལ་བའི་ལྷ་སའི་གྲོང་འདབས་ཀྱི་ལྷ་ཀླུ་འདམ་ར། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྤྱི་ལེ་160ལྷག་ཙམ་ཡོད་པའི“སྔོ་ལྗང་གི་ལྕགས་རི་རིང་པོ”བོད་བྱང་ཐང་གི་རང་བྱུང་སྲོག་ཆགས་སྐྱེད་ཚལ་བཅས་སུ་དཔྱིད་དཔལ་རབ་ཏུ་བཞད་བཞིན་འདུག

    ཡིད་འོང་མཛེས་ལྗོངས་ཀྱི་རྣམ་པ་དེ་དག་ནི་བོད་ཀྱི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ་ནི་གདོན་མི་ཟ།

    བོད་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོ་ཚད་ཐོག་བཞག་པ།

    1951ལོར་བོད་དུ་ཞི་བས་བཅིངས་འགྲོལ་བཏང་རྗེས། རྒྱལ་ཁབ་ཀྱིས་བོད་ཀྱི་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོ་ཚད་ནང་བཞག་པ་རེད།

    2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་འདི་ཉིད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དུ་འགྱུར་བ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། 2015ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གངས་ལྗོངས་ས་མཐོ་སྲུང་སྐྱོང་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་ཞེས་བཏོན་ཡོད།

    2017ལོའི་ཟླ་བརྒྱད་པར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་བརྟག་དཔྱད་ཞིབ་འཇུག་ཐེངས་གཉིས་པ་སྤེལ་འགོ་ཚུགས་ཤིང་། མིག་སྔར་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་ནས། མཚོ་བོད་ས་མཐོའི་ཆུ་དང་། སྣོད་བཅུད། མིའི་རིཌ་འཚོ་གནས་སོགས་ཁོར་ཡུག་གནད་དོན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ལ། མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་གང་འདྲ་ཐེབས་མིན་དབྱེ་ཞིབ་བྱས་པ་མ་ཟད། མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་སྲུང་སྐྱོང་དང་འཛམ་གླིང་ཡང་རྩེའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཇུས་གཞི་ཡང་བཏོན་ཡོད།

    བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱི“རྒྱལ་ཁབ་ཀྱིས་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ཐད་བཏོན་པའི་འཐབ་ཇུས་ཀྱི་ངེས་གནས་དང་འཐབ་ཇུས་བཀོད་སྒྲིག་ལས། རྒྱལ་ཁབ་ཀྱིས་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་པ་མ་ཟད། བོད་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད”ཅེས་བརྗོད་བྱུང་།

    ནུས་ཤུགས་ཡོད་རྒུས་བོད་ཀྱི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པ།

    སྔོན་མ་རྣམ་གླིང་རྫོང་རི་སྔོན་གྲོང་ཚོའི་གྲོང་མིར་རི་སྟེང་གི་ཤིང་མེ་ཤིང་བྱེད་པའི་གོམས་གཤིས་ཡོད་པར་བརྟེན། ས་ཆ་ཚང་མ་བྱེ་སར་གྱུར་པ་དང་ཁྱིམ་ཚང་གི་ཐབ་ཆས་དང་ལྕོག་ཙེ་རྡུལ་གྱིས་ཁེངས་ནས་སྡོད་ཀྱི་ཡོད། 2014ལོ་ནས་2017ལོ་བར། རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་དུ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་3ཙམ་བྱས་པ་དང་། 2018ལོ་ནས་ད་བར། མུའུ་ཁྲི་གཅིག་ཟིན་པའི་སྣོད་བཅུད་ནགས་ཚལ་བསྐྲུན་པ་རེད། རིང་ཚད་ལ་སྤྱི་ལེ་50ལྷག་ཙམ་ཟིན་པའི“སྣོད་བཅུད་ནགས་ཚལ”དེ་ཡར་ཀླུང་གཙང་འགྲམ་གྱི་མཛེས་ལྗོངས་སུ་གྱུར་ཅིང་། འདི་ནི《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད(2008ལོ་ནས་2030ལོ་བར)》ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་བར། བོད་ཀྱིས་རིམ་རྩིས་བྱས་ན། ཁྱོན་མ་དངུལ་སྒོར་དུང་ཕྱུར་117བཏང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པ་རེད།

    ད་ཕན་ལོ་ཤས་རིང་། བོད་ཀྱིས་གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པར་བྱས་པ་དང“སྔོ་ལྗང་ཅན་གྱི་གྲོང་ཁྱེར”དང“རི་བོར་ཤིང་འཛུགས་ནགས་བཟོ”སོགས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ་དང་འབྲེལ། ས་བབ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་ནས་གནས་སྤོ་བའི་རྣམ་གྲངས་ལག་བསྟར་བྱས་ཏེ། རང་བྱུང་ཁམས་ཆེ་མོར་རི་སྐྱེས་སྲོག་ཆགས་གནས་ཐུབ་པར་བྱས་ཡོད། 2019ལོར་བོད་དུ་ས་བབ་མཐོ་བའི་སྣོད་བཅུད་སྲུང་སྐྱོང་ཁུལ་ནས་མི་4058སྤོས་ཡོད།

    གྲངས་གཞི་ལས་མངོན་པར། མིག་སྔའི་བར། བོད་ཀྱི་ལྗོངས་ཡོངས་ཀྱི་ས་ཁོངས་45%སྲུང་སྐྱོང་བྱེད་དགོས་ངེས་ཀྱི་ཁྱབ་ཁོངས་སུ་བཞག་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11ཡོད་པ་རེད། བོད་དུ་རིམ་རྩིས་བྱས་ན། མིང་བཏགས་པའི་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་17དང་། སྣོད་བཅུད་ཤང་གྲོང་213སྣོད་བཅུད་གྲོང་ཚོ་2373བཅས་ཡོད་པ་རེད།

    མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལས་སྣོད་བཅུད་ཀྱི་ཕན་པ་ཐོབ་པ།

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྐྱེ་དངོས་ཤིང་སོན་རྟེན་གཞིར་རྔ་སྒྲ་ཤང་གི་གྲོང་མི་སྒྲོལ་མ་ཆོས་སྐྱིད་ཀྱིས་གླུ་ཆུང་ལེན་ཞིང་། ཤིང་སོན་ལ་གཡོག་བྱེད་བྱེད་བཞིན་འདུག མུའུ་ཁྲི་གཅིག་ཙམ་ཟིན་པའི་སྣོད་བཅུད་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཏེ། སྐྱེ་དངོས་ཤིང་སོན་རྟེན་གཞི་དེ་བསྐྲུན་རྗེས། སྒྲོལ་མ་ཆོས་སྐྱིད་ཀྱིས་རང་ཁྱིམ་གྱི་ས་ཞིང་ནང་བཤུག་བཏང་ནས་བོགས་དངུལ་ལེན་པ་དང་ཆབས་ཅིག་རྟེན་གཞི་དེར་ལས་ཀ་བྱེད་ཀྱི་ཡོད།

    སྒྲོལ་མ་ཆོས་སྐྱིད་ཀྱིས“ངའི་ལས་ཀ་ནི་ཆུ་རྒྱག་པ་དང་། རྩྭ་ངན་རྐོ་བ། ལུད་རྒྱག་པ། ཡལ་གཅོད་རྒྱག་པ་བཅས་བྱེད་དགོས་པ་དང་། ཉིན་རེར་གླ་ཆ་སྒོར་160སྤྲོད་ཀྱི་འདུག ས་ཆ་གཞན་དུ་སྐྱོད་མི་དགོས་པར་རང་ས་ནས་ཡོང་འབབ་གསོག་ཐུབ་པ་མ་ཟད། ཕ་ཡུལ་ཡང་སྔོ་ལྗང་དུ་གྱུར་པས། སེམས་སྐྱིད་པོ་འདུག”ཅེས་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བོད་ཀྱིས་སྣོད་བཅུད་ལས་གནས་ཁྲི་60ལྷག་ཙམ་དོན་འཁྱོལ་བྱས་པ་དང་། གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་སོགས་བྱ་དགའ་ཁ་གསབ་ཀྱི་དངུལ་སྒོར་དུང་ཕྱུར་97.7དོན་འཁྱོལ་བྱས་པར་བརྟེན། ཞིང་འབྲོག་པ་མང་པོ་ཞིག་ལ་སྣོད་བཅུད་སྲུང་སྐྱོང་བྱས་པ་ལས་ཡོང་འབབ་གསོག་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།