དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་མཁའ་རླུང་རྒྱུན་མཐུད་ཡག་པོ་ཡོད་པའི་རྒྱུ་མཚན་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-13

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་ལོ་མང་རིང་ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག་བཅས་ཀྱི་ཁེ་ལས་ལ་ཕྱོགས་བསྡུས་བཅོས་སྒྲིག་རྒྱུན་མཐུད་ནས་བྱས་པ་དང་། རྡོ་སོལ་མི་སྤྱོད་པ་དང་། གློག་རླངས་ཅན་དུ་འགྱུར་བ། གྲོང་མིའི་སྲོལ་རྒྱུན་གྱི་བུད་ཤིང་གནོད་མེད་ནུས་རྒྱུས་ཚབ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བས། 2019ལོར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མཁའ་རླུང་དང་ཁོར་ཡུག་གི་སྤུས་ཚད་ལེགས་པའི་ཆ་སྙོམས་ཉིན་གྲངས་99.6%ཟིན་ཡོད་ཅིང་། དེ་ནི་བོད་ཀྱི་མཁའ་རླུང་སྤུས་ཚད་ཆ་སྙོམས་ལེགས་ཚད་ལོ་བདུན་བསྟུད་མར་95%ལྷག་ཙམ་ཟིན་པ་ཞིག་རེད། 

    བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས། 2019ལོར་བོད་ཀྱིས་ཁོར་ཡུག་གིས་དམངས་འཚོར་ཕན་འདོགས་པར་དམིགས་ནས། ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཞི་གཙང་བ་བཅས་ལ་སྲུང་སྐྱོང་བྱས་པར་འགག་རྩའི་རང་བཞིན་གྱི་འཕེལ་རིམ་བྱུང་བ་དང་། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་པ། རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་ཡོལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་གི་འདུག་ལ། གོམ་སྟབས་རྗེས་མར། བོད་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་རྒྱུན་ཆད་མེད་པར་ལག་ལེན་བསྟར་ཏེ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་འཛུགས་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་གྱི་དཔེ་སྟོན་ཁུལ་གཏོད་འགོ་འཛུགས་པ། “ས་མཐོའི་གྲང་ཁུལ་གྱི་ཚོད་ལྟ་ཁང”འཛུགས་པ་དང་དུས་མཚུངས་ཆུ་དང་ས་རྒྱུའི་སྦགས་གཙོག་བཅོས་སྐྱོང་གི་ས་གནས་ཁྲིམས་འཛུགས་ལས་དོན་སྤེལ་ནས། བོད་ཀྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཡག་པོ་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་འདུག 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།