དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-12

    2019ལོར། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྣོད་བཅུད་ཁོར་ཡུག་གི་ལྟ་འདོམས་དཔྱད་ཞིབ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ། ས་མཐོའི་སྣོད་བཅུད་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་བཅས་བྱས་པར་བརྟེན། སྔོ་ལྗང་འཕེལ་རྒྱས་ཀྱི་ཆུ་ཚད་སླར་ཡང་སྐས་རིམ་གསར་པར་སླེབས་ཡོད།

    སྣོད་བཅུད་ཁོར་ཡུག་གི་ལྟ་འདོམས་ཞིབ་དཔྱད་ལ་ཤུགས་སྣོན་བརྒྱབ་པ།

    2019ལོར་རང་ལྗོངས་ཀྱིས། ཁྲིམས་ལས་འགལ་ནས་བཟུང་པའི་ཆུ་ངོགས་ཀྱི་ས་ཆ་སྤྱི་ལེ་42.44དང་། ཁྲིམས་འགལ་གྱི་བྱེ་རྡོ་སྔོག་ས་41 ཁྲིམས་ལས་འགལ་ནས་བསྔོགས་པའི་བྱེ་རྡོ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་481.49 འཛུགས་སྐྲུན་དང་འཚོ་བའི་གད་སྙིགས་ཏུན་23999བཅས་གཙང་སེལ་བྱས་པ་མ་ཟད། ཁྲིམས་འགལ་འཛུགས་སྐྲུན་སྨི་ངོས་གྲུ་8451དང་ཆུ་རགས་སྤྱི་ལེ་5.6བཤིགས་པ་རེད།

    2019ལོར་རང་ལྗོངས་ཀྱི་སྣོད་བཅུད་དམར་ཐིག་རགས་ཙམ་གཏན་འཁེལ་བྱས་པ་དང་ལྗོངས་ཡོངས་ཀྱི་ས་ཁོངས་45%སྲུང་སྐྱོང་ནན་པོ་བྱེད་པའི་ཁྱབ་ཁོངས་སུ་བཅུག་ཡོད། སྦགས་བཙོག་འབུད་ཚད་ཉུང་དུ་གཏོང་བའི་དམིགས་ཚད་ཚོད་འཛིན་ཡག་པོ་བྱུང་བ་དང་རླངས་འཁོར་གྱི་དུ་རླངས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐལ་རྡུལ། དུ་བསང་གི་སྦགས་བཙོག་བཅས་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ཡན་ཟིན་པ་དང་། འཐུང་ཆུའི་ཆུ་ཁུངས་ཁོར་ཡུག་བཅོས་སྒྲིག་དང་བཙོག་ཆུ་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་ལེགས་སྒྲུབ་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ས་ངོས་ཀྱི་ཆུ་སྤུས་དག་ཚད་100%ཟིན་ཡོད། རང་སྐྱོང་ལྗོངས་རིམ་པའི་གཙང་པོ་དང་མཚེའུ་གཙོ་བོ་20ཡི་དོ་དམ་ཁྱབ་ཁོངས་ཀྱི་དབྱེ་འབྱེད་ལས་དོན་ལེགས་གྲུབ་བྱུང་ཡོད།

    ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་བ།

    2019ལོའི་ཟླ་9ཚེས་17ཉིན་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་བསྐྲུན་པར་བརྟེན། རྒྱལ་ཡོངས་ཀྱི་མཐའ་མའི་ས་གནས་རིམ་པའི་སྲིད་འཛིན་ཁུལ་གྱི་གློག་དྲ་རྐྱང་པ་ནས་གློག་གཏོང་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ལས་གྲྭ་བསྐྲུན་རྗེས། འབྲོང་པ་དང་། ས་དགའ། སྐྱིད་གྲོང་སོགས་རྫོང་བདུན་གྱི་གློག་དྲ་སྦྲེལ་མཐུད་ཐུབ་ནས་ལམ་རྒྱུད་ཞིང་འབྲོག་མང་ཚོགས་ཁྲི་38ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་ནན་ཏན་བྱུང་བ་དང་། བོད་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང་74ལ་ཁྱབ་སྟེ། བོད་ཀྱི་མི་འབོར་97%ཡི་གློག་སྤྱོད་གནད་དོན་ཐག་གཅོད་བྱུང་ཡོད།

    2019ལོའི་ཟླ་12ཚེས་18ཉིན་བར། ལས་གྲྭའི་རྩིག་རྨང་འབྲུ་བའི་ལས་འགན་88.46%ལེགས་གྲུབ་ཟིན་པ་དང་། ཨར་འདམ་གྱི་བཀྱགས་84.35%བསྐྲུན་པ། ལྕགས་སྒྲོམ་3.07%བསླངས་པ། ལྕགས་སྒྲོམ་དངོས་ཟོག་རིམ་རྩིས་བྱས་ན་65.57%འབྱོར་ཡོད་པ་རེད།

    “ད་ཆ། ཁྱིམ་ཚང་ཚང་མའི་རྒྱབ་མདུན་དུ་དཔལ་འབྱོར་ནགས་ས་ཡོད་པས། ཀུ་ཤུ་དང་། རྒུན་འབྲུམ། ཁམ་བུ། ལི་སོགས་ཤིང་འབྲས་བཏབ་ཡོད། མང་ཚོགས་ཕྱུག་པོ་ཆགས་པ་དང་ཁོར་ཡུག་མཛེས་སུ་ཕྱིན་ཡོད”ཅེས་སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་གིས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

    མིག་སྔར། ཉིང་ཁྲི་གྲོང་ཁྱེར་དུ་ཤིང་འབྲས་ཐོན་ལས་མུའུ་ཁྲི་16.87འཕེལ་རྒྱས་བཏང་བར། ཀུ་ཤུའི་ཐོན་ལས་མུའུ་ཁྲི་6.6དང་དེ་མིན་ཤིང་འབྲས་གཞན་དག་གི་ཐོན་ལས་མུའུ་ཁྲི་10.27ཡོད་ཅིང་། 2019ལོར་ཁྱོན་མ་དངུལ་སྒོར་ཁྲི་4054བཏང་སྟེ། ནགས་ལས་ཐོན་ལས་རྣམ་གྲངས་5གསར་སྐྲུན་བྱས་པ་རེད།

    2019ལོའི་ཟླ་8ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་བྱང་ཐང་ཡུག་ཁུལ་དང་ཇོ་མོ་གླང་མའི་ཡུག་ཁུལ་སོགས་ཚོད་ལྟའི་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་བསྒྲུབས་ནས། སའི་གོ་ལའི་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་ཚོམ་བུ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ལུགས་བཏོན་པས། མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་བའི་རང་བཞིན་སྲུང་སྐྱོང་ལ་ཕན་ཐོགས་ཡོད་ལ། བོད་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་བརྟེན་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་པར་ཡང་ཕན་ཐོགས་ཡོད་ཅེས་བཏོན་ཡོད།

    ས་མཐོའི་སྣོད་བཅུད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་གཏིང་ཟབ་བྱས་པ།

    2019ལོའི་ཟླ་5ཚེས་13ཉིན་རང་སྐྱོང་ལྗོངས་ནགས་ཚལ་རྩྭ་ཐང་ཅུས་དང་། རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་། རང་སྐྱོང་ལྗོངས་ནགས་ཚལ་ཚན་རིག་ཞིབ་འཇུག་ཁང་སོགས་ཚན་པ་ལས་གྲུབ་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཀྲུང་ནན་བརྟག་ཞིབ་འཆར་འགོད་འཆར་གཞི་ཁང་གིས་འགན་འཁུར་ལེགས་སྒྲུབ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་མི་ཐབས་ནགས་ཚལ་ཐཱན་མཛོད་དང་ཐཱན་འདུས་ཀྱི་མི་མངོན་པའི་སྟོབས་ཤུགས་ཞིབ་འཇུག》(གཤམ་དུ《ཞིབ་འཇུག》ཅེས་བསྡུ་རྒྱུ)རྣམ་གྲངས་ལ་ཞིབ་དཔྱད་བྱས་པ་རེད།

    རིགས་གཅིག་མཁས་ཅན་ཚོགས་ཆུང་གིས《ཞིབ་འཇུག》དེ་ལས། བོད་ཀྱི་མི་ཐབས་ནགས་ཚལ་ལ་ཐཱན་གསོག་ཚད་དང་། ཐཱན་གྱི་སྟུག་ཚད། ཐཱན་འདུས་ཚད་བཅས་ལ་ཐོག་མར་ལྟ་ཞིབ་བྱས་པ་དང་ཞིབ་འཇུག་བྱེད་ཐབས་ཚན་རིག་དང་མཐུན་པ་དང་ཐོབ་པའི་གྲུབ་འབྲས་ཡང་དག་དང་བློས་འགེལ་ཆོག་པ་ཞིག་ཡོད་པས། བོད་ཀྱིས་ནགས་ལས་ཐཱན་འདུས་རྩིས་རྒྱག་ལྟ་ཞིབ་མ་ལག་འཛུགས་སྐྲུན་དང་ནགས་ལས་ཀྱི་དྲོད་རླངས་འབུད་པའི་རྩིས་ཐོ་བཟོ་རྒྱུ་སོགས་ལ་རྨང་གཞིའི་གྲངས་གཞི་མཁོ་འདོན་ཐུབ་པའི་ངོས་འཛིན་བྱས་པ་རེད།

    2019ལོའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་མ་ཟད། བོད་ཀྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་སྔར་བས་མཐིལ་རྟོགས་ཐུབ་སྟེ། རང་ལྗོངས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ལ་ལེགས་སྐྱེས་ཕུལ་ཡོད།

    2019ལོར། རང་ལྗོངས་ཀྱི་ནོར་སྲིད་ཀྱིས་ཚན་རྩལ་ལ་བཏང་བའི་མ་དངུལ་དང་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལ་བཏང་བའི་མ་དངུལ་དེ་སོ་སོར་23%དང་19%འཕར་ཡོད། གཙོ་གནད་ཚན་རྩལ་འཆར་འགོད་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ་དང་ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་51%ཟིན་ཡོད། རྣམ་གྲངས་88ཀྱི་མཚོ་བོད་ཚན་ཞིབ་ཆེད་དོན་བྱེད་སྒོ་ཐེངས་གཉིས་པར་རྒྱབ་སྐྱོར་བྱས་ཡོད། ལྷ་སའི་མཐོ་གསར་ཁུལ་རྒྱལ་ཡོངས་ཚན་རྩལ་ཐོན་ཁུངས་འདེགས་སྐྱོར་རྣམ་པའི་ཁྱད་ལྡན་གཞི་རྟེན་ལ་བདམས་ཡོད་ལ། རིགས་ཁག་གི“གཉིས་གཏོད”གཞི་རྟེན་131དང་། སྐྱོང་གསོའི་ཁེ་ལས་2129བསྐྲུན་པར་མི་ཁྲི་1.54ལས་ཞུགས་ཐུབ་ཡོད། རྒྱལ་ཁབ་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས་དང་ལས་གྲྭའི་ཚོད་ལྟ་ཁང་9བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།