ཉེ་ཆར། བྲག་གཡབ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་དཔྱིད་དུས་ཀྱི་ཤིང་འཛུགས་ནགས་བཟོའི་དུས་ཚིགས་ཡག་ཤོས་དམ་འཛིན་བྱས་ཏེ། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་བཟོའི་འདུ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་ཤིང་། སྡོང་ཕྲུག་རེ་རེ་བཞིན་བཙུགས་པ་དང་བསྟུན་རྫོང་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་ཆེས་ཆེར་ལེཌ་སུ་འགྲོ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྨོ་བསྐྱུར་ནགས་བཟོའི་འདུ་འགོད་ཀྱི་རྒྱ་ཁྱོན་མུའུ་13851ཟིན་པ་དེ་དག་ཤང་གྲོང་རྡལ་7གྱི་སྲིད་འཛིན་གྲོང་ཚོ་27དང་འབྲེལ་བ་ཡོད་པ་རེད། རྨོ་བསྐྱུར་ནགས་བཟོའི་ཁ་གསབ་ཚད་གཞི་ནི་མུའུ་རེར་སྒོར་1200ཡིན་པ་དང་སྔོན་རྩིས་བྱས་ན། མང་ཚོགས་ལ་རྨོ་བསྐྱུར་ནགས་བཟོའི་ཁ་གསབ་སྒོར་ཁྲི་1662.12ཐོབ་རྒྱུ་རེད།