དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2019ལོར་ཉིང་ཁྲིར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་72ཙམ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-01

    གསར་འགོད་པར་འབྲེལ་ཡོད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2019ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་864ལས་བརྒལ་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་72ཙམ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་ཉིང་ཁྲིར“2019ལོའི་སྣོད་བཅུད་ཡུལ་སྐོར་གྱི་ལེགས་འདེམས་གྲོང་ཁྱེར”དང“2019ལོའི་ཚ་གཡོལ་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཁྱེར”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་ལ་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོའི་ཞིབ་བཤེར་རྩིས་ལེན་བྱས་པ་དང་། སྤོ་བོ་ཁྲབ་མོག་རྫོང་ཨུད་ཀྱི་ལྟེ་བའི་ཐོག་ཁང་དམར་པོར་ལྗོངས་ཡོངས་ཀྱི་4Aརིམ་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མའི་ཆོག་མཆན་ཐོབ་པ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་གཏོད་ཀྱི་མིང་གཞུང་དུ་བཅུག་པ། སྤོ་བོ་རྫོང་རྦ་ཁ་གྲོང་ཚོ་དང་བྲག་ཡིབ་ཆུས་སྤྲིན་པ་གྲོང་ཚོ་གཉིས་པོ་རྒྱལ་ཡོངས་གྲོང་གསེབ་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་དང་པོའི་མིང་གཞུང་དུ་ཚུད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།