ཉིན་ཤས་གོང་། 《གྱིམ་ཤིང་ཀོང་ཇོའི》འཁྲབ་ཐེངས་དང་པོའི་མཇུག་བསྡུའི་འཁྲབ་སྟོན་དེ་ལྷ་ས་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་བདེ་བླག་ངང་མཇུག་འགྲིལ་ཡོད། འཁྲབ་སྟོན་བྱེད་པའི་དགོང་མོར། ཟློས་གར་ཁང་དུ་ལྟད་མོ་བས་ཁེངས་ཡོད་པ་དང་། ལྟད་མོ་བའི་ཐལ་མོའི་རྡེབ་སྒྲས་ཟློས་གར་འཁྲབ་ཐེངས་དང་པོའི་འཁྲབ་སྟོན་བདེ་བླག་བྱུང་བ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཟློས་གར་འཁྲབ་ཐེངས་གཉིས་པའི་འཁྲབ་སྟོན་ཟླ་3ཚེས་20ཉིན་འགོ་ཚུགས་རྒྱུ་ཡིན་ཞིང་། འདི་ནི《གྱིམ་ཤིང་ཀོང་ཇོའི》ཟློས་གར་ཁང་དུ་ལྟད་མོ་བས་ཁེངས་ཡོད་པ།