དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འདམ་གཞུང་རྫོང་གིས་རིག་གནས་ཡུལ་སྐོར་ཁྲོམ་རར་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-10-03

    རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་སྒྲིག་ལམ་སྔར་བས་ལེགས་སུ་གཏོང་ཆེད། ཉིན་ཤས་གོང་། འདམ་གཞུང་རྫོང་གིས་རིག་གནས་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱིས་འགྲོ་ལམ་བཟུང་ནས་ཁྲོམ་བཏོན་པ་དང་། ཚོང་ཁང་ལ་ཚོང་གཉེར་ལག་ཁྱེར་ཆ་ཚང་ཡོད་མེད། ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད། “གསང་སྤྱོད་གསར་བརྗེའི”ཁོར་ཡུག་འཕྲོད་བསྟེན་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་བཅོས་སྒྲིག་བྱས་ནས་རིག་གནས་དང་ཡུལ་སྐོར་ཁྲོམ་རར་གནས་པའི་ཞན་ཆར་ཕྱོགས་ཡོངས་ནས་ལྟ་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།