དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ལོ་སྟོད་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-27

    མིག་སྔར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་དྲུག་པའི་བར་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20.2%(2018ལོའི་དུས་མཚུངས་ལས་29.6%འཕར་བ)འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་149.3ཟིན་པ་དེ་དུས་མཚུངས་ལས་19.8%(2018ལོའི་དུས་མཚུངས་ལས་34.7%འཕར་བ)འཕར་བ། ལོ་ཧྲིལ་པོའི་གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི་33.5%དང་25.8%ལེགས་གྲུབ་བྱུང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་1ཚེས་1ཉིན་ནས་ཟླ་3ཚེས་15ཉིན་བར“དགུན་དུས་བོད་ལ་ཡུལ་སྐོར་བྱེད·ས་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”པའི་རེས་སྐོར་གཉིས་པའི་བྱེད་སྒོ་སྤེལ་རིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བསྡོམས་མི་ཐེངས་ཁྲི་117.8ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་28.1%འཕར་ནས་རང་ལྗོངས་ཀྱི་དགུན་དུས་ཡུལ་སྐོར་ལོ་རྒྱུས་ཐོག་ཡུལ་སྐོར་བ་སྣེ་ལེན་ཞུ་ཐེངས་མང་ཤོས་དང་དུས་མཚུངས་ལས་འཕར་ཚད་མཐོ་ཤོས་ཀྱི་ལོར་གྱུར་ཡོད། ལྷག་པར་དུ་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་ཚོགས་པར་སྣེ་ལེན་ཞུས་པ་ལོ་རྒྱུས་ཀྱི་དུས་མཚུངས་ལས་འཕར་ཚད་མཐོ་ཤོས་ཡིན་ཞིང་། རིམ་རྩིས་ལྟར་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་76.2ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་127%འཕར་ཡོད། མིག་སྔར། གྲོང་གསེབ་དང་སྤྲོ་གསེང་ཡུལ་སྐོར་གྱི་ཐོན་རྫས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་དང་། ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་རིམ་རྩིས་ལྟར་ན་ཉིན་གཅིག་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་616.6ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་34.9%འཕར་བ་དང་། ཉིན་གཅིག་ཡུལ་སྐོར་བྱེད་མཁན་ཡུལ་སྐོར་ཉམས་ལེན་བྱེད་སྟངས་གསར་རྐྱང་དུ་གྱུར་པ་དང་། དེར་ལྗོངས་ནང་ཁུལ་གྱི་གྲོང་མིས་དོ་ཁུར་ཆེན་པོ་བྱེད་པ་མ་ཟད་དེར་རྒྱ་ཁྱབ་ངང་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།