དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཆེད་ལས་ལག་རྩལ་པའི་འགྲན་བསྡུར་ཆེ་མོའི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-25

    663571_yis_1569132521210.jpg

    འདི་ནི་ཕྱོགས་བསྡུས་འགྲན་ར་ཡིན་པ།

    663573_yis_1569132521910.jpg

    འདི་ནི་ཤན་འབྱེད་པས་བདམས་ཐོན་པར་སྐར་མ་རྒྱག་བཞིན་པ།

    སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ནི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་ལས་དོན་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་སྣོད་བཅུད་ལྟ་ཞིབ་ཆེད་ལས་ལག་རྩལ་པའི་འཇོན་ཐང་ཆུ་ཚད་མཐོར་གཏོང་དང་ཆེད་ལས་ལྟ་ཞིབ་ལག་རྩལ་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་འགག་རྩའི་ལྟ་ཞིབ་ལག་རྩལ་གྱི་ཞན་ཆ་གསབ་ཆེད། ཉེ་དུས་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ལྗོངས་ཐད་གཏོགས་ལས་ཁུངས་མང་པོ་དང་མཉམ་དུ་ལྷ་སར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཆེད་ལས་ལག་རྩལ་པའི་འགྲན་བསྡུར་ཆེ་མོའི་བྱེད་སྒོ་སྤེལ་བ་རེད།

    འགྲན་བསྡུར་གྱིས་གསོ་སྦྱོང་གི་ཚབ་བྱེད་པ་དང་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཆེད་ལས་ལག་རྩལ་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་དམིགས་ཚད་སྒྲུབ་ཆེད། སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ནས་རང་འགུལ་ངང་ལྗོངས་ནང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་སྒྲིག་གཞི་དང་འབྲེལ་མཐུད་མཐུན་སྦྱོར་བྱས་རྗེས། ལྗོངས་ནང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ལས་ཁུངས་ཚང་མ་འགྲན་བསྡུར་ཆེ་མའི་ནང་ཞུགས་ཤིང་། འགྲན་ཞུགས་རུ་ཁག་20དང་། ཕྱོགས་བསྡུས་འགྲན་བསྡུར་རུ་ཁག19(དེའི་ནང་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་མ་ལག་དཔུང་ཁག་8དང་སྤྱི་ཚོགས་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་སྒྲིག་གཞི་11ཡོད་པ)ཆེད་ལས་འགྲན་བསྡུར་དཔུང་ཁག1 འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ102བཅས་ཡོད་པ་རེད།

    སྐབས་གསུམ་པའི་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཆེད་ལས་ལག་རྩལ་པའི་འགྲན་བསྡུར་ཆེ་མོ་དངོས་སུ་འགོ་ཚུགས་རྗེས། འཐབ་སེམས་ཆེ་བ་དང་སྤྱོད་ཚུལ་ལེགས་པའི་བདམས་ཐོན་པ་102ཀྱིས་ནུས་ཤུགས་ཡོད་རྒུས་འགྲན་བསྡུར་ཆེ་མོར་ཞུགས་ཤིང་། འགྲན་བསྡུར་གྱི་རྣམ་པ་འཁྲུག་པ་དང་འགྲན་བསྡུར་ཛ་དྲག་པ་བཅས་ལས་སྤྱོད་ཚུལ་དང་། ཆུ་ཚད། ཡིད་ཆེས། ཉམས་འགྱུར་བཅས་འགྲན་ཐུབ་པ་བྱུང་བ་མ་ཟད། སྣོད་བཅུད་ཁོར་ཡུག་ལྟ་ཞིབ་པའི་བསམ་པའི་ཉམས་འགྱུར་བཟང་པོ་དང་བྱང་ཆུབ་པའི་ལག་རྩལ་ཆུ་ཚད་མངོན་ཡོད། ཉིན་གསུམ་གྱི་འགྲན་བསྡུར་ནང་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་ཚོགས་པའི་བྱ་དགའ་3དང་། ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་10 ཕྱོགས་བསྡུས་འགྲན་བསྡུར་གྱི་མི་སྒེར་གྱི་གྲུབ་འབྲས་བྱ་དགའ་10 ཕྱོགས་བསྡུས་འགྲན་བསྡུར་རྐྱང་པའི་བྱ་དགའ་19 ཆེད་དོན་འགྲན་བསྡུར་གྱི་སྒེར་གྱི་སྤྱིའི་གྲུབ་འབྲས་བྱ་དགའ་5བཅས་ཐོན་ཡོད།

    འགྲན་བསྡུར་ཆེ་མོ་ཚར་རྗེས། སྒྲིག་འཛུགས་ཨུ་ལྷན་གྱིས་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། འགྲན་བསྡུར་ཆེ་མོའི་ལག་རྩལ་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་ཚོས་འགྲན་བསྡུར་ཆེ་མོར་ཐོབ་པའི་གྲུབ་འབྲས་དང་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པའི་ཆུ་ཚད་ལ་གདེང་འཇོག་བྱས་པ་དང་འབྲེལ་འགྲན་བསྡུར་ཆེ་མོའི་ནང་གི་བཀོལ་སྤྱོད་དང་། འཕྲུལ་ཆས་སྤྱོད་རྒྱུ་ཚད་ལྡན། ཐོ་བཀོད། ཞིབ་དཔྱད་དབྱེ་ཞིབ་བྱེད་ཐབས་སོགས་ཐད་ལྷག་པའི་ཞན་ཆའི་གནད་དོན་བཏོན་པ་དང་ཆབས་ཅིག་གང་འདྲ་བྱས་ཏེ་རང་ལྗོངས་ཀྱི་ལྟ་ཞིབ་པའི་ལག་རྩལ་ཆུ་ཚད་མཐོར་གཏོང་དང་། ཆེད་ལས་ལག་རྩལ་མི་སྣའི་དབར་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན། སྣོད་བཅུད་ཁོར་ཡུག་ལྟ་ཞིབ་དཔུང་ཁག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་རྩ་ཆེའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།