ཚེས་10ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་ལེ་ལག་ཚང་བའི་སྲིད་ཇུས་དང་། ལྷོ་ཁའི་སྲིན་བུ་རིའི་བཀོད་སྒྲིག་ས་ཚིགས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་ལས་འགན་ལ་དམིགས་པ་དང་། ལེ་ལག་ཚང་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་གཏུག་དང་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། འཆར་འགོད་དང་། ལེ་ལག་ཚང་བའི་སྒྲིག་བཀོད། ཐོན་ལས་གཉེར་སྐྱོང་སོགས་ཀྱི་ཞིབ་ཕྲའི་ལས་དོན་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་བ། སྲིན་བུ་རིའི་བཀོད་སྒྲིག་ས་ཚིགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། བདེ་སྡོད་དང་ལས་བརྩོན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། ལེ་ལག་ཚང་བའི་ཐོན་ལས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། དམངས་ཕན་དམངས་བདེའི་འདུ་འགོད་དེས་གནས་སྤོའི་མང་ཚོགས་ལ་སྔ་ཙམ་ནས་བདེ་སྐྱིད་བསྐྲུན་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།