དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཉིང་ཁྲིའི་2019ལོའི་བྲག་གསུམ་མཚོའི་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-08-22

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་དུ་ཀྲུང་གུང་ཀོང་པོ་རྒྱ་མདའ་རྫོང་ཨུད་དང་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀོང་པོ་རྒྱ་མདའ་རྫོང་རིག་གནས་ཡུལ་སྐོར་ཅུས་དང་ཉིང་ཁྲི་གྲོང་ཁྱེར་སྔོན་གཏོད་རྒྱལ་ཁབ་མ་འཇོག་ཚོགས་པས་གཉེར་འགན་ཁུར་བའི“ཁང་ཕྱིའི་སུམ་རྩེན·མཛེས་སྡུག་ལྡན་པའི་བྲག་གསུམ་མཚོ —— བོད་ལྗོངས་ཉིང་ཁྲིའི་2019ལོའི་བྲག་གསུམ་མཚོ་རིག་གནས་ཡུལ་སྐོར་དུས་ཆེན”མཚོ་མགོ་ཤང་སྨུག་པ་ཡུལ་སྐོར་གྲོང་རྡལ་ཆུང་ངུར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་ས་ཆ་ཁག་གི་ཡུལ་སྐོར་བ་4000ལྷག་ཙམ་གྱིས་བྱེད་སྒོ་འགོ་ཚུགས་པར་དཔང་པོ་བྱས་པ་རེད།

    འགོ་ཚུགས་ཞབས་བྲོ《སྐྱིད་པའི་བྲོ་གར》ཁྲོད་བྲག་གསུམ་མཚོ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་ཤིང་། གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ལྷན་གྱི“གངས་ལྷ་མེ་ཏོག”སྒྱུ་རྩལ་ཚོགས་པ་དང་། ཀོང་པོ་རྒྱ་མདའ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ། གཞས་མ་ཚེ་རིང་གཡང་འཛོམས་དང་གཞས་པ་དབང་འདུས་ཕུན་ཚོགས་སོགས་ཀྱིས་མཉམ་དུ་ཚང་མར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། གླུ་གར་དང་། དགོད་བྲོའི་གཏམ་གླེང་། འཁྲབ་ཚན་ཐུང་ངུ་སོགས་རྣམ་པ་སྣ་ཚོགས་པའི་འཁྲབ་སྟོན་ནི་འགའ་ཞིག་མི་སེམས་འགུལ་བ་དང་། འགའ་ཞིག་དོན་དངོས་དང་འཚམ་པ། འགའ་ཞིག་ཉམས་འགྱུར་ལྡན་པ་བཅས་ཡོད་པས། སྐུ་མགྲོན་དང་ཡུལ་སྐོར་བའི་དགའ་བསུ་ཐོབ། ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཕུད། གཙོ་གཉེར་ཚན་པས་ད་དུང་རྐང་ཐང་མར་སྐྱོད་པ་དང་། ཞིམ་ཟས་དུས་ཆེན། ཀོང་པོའི་དམངས་སྲོལ་ཚོང་འདུས། མེ་ཕུང་དགོང་ཚོགས། བྱེ་ཐང་དུ་སྦག་སྦག་གཏོང་བ། བི་ཤུ། སྦི་རག་རོལ་དབྱངས་དུས་ཆེན། འཇའ་རིས་སྒར་སའི་སྦྲ་གུར་དུས་ཆེན། བྱིས་པའི་མཁར་གྲོང་། རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། གཡོས་སྦྱོར་འགྲན་བསྡུར་ཆེ་མོ། ལོ་ལེགས་དུས་ཆེན&པར་ལེན་འགྲན་བསྡུར་ཆེ་མོ་སོགས་བྱེད་སྒོ་སྤེལ་ཡོད། ངོ་མཚར་ཆེ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་ལས་ཚང་མར་ཐུན་མོང་མ་ཡིན་པའི་བྲག་གསུམ་མཚོའི་ཡུལ་སྐོར་གྱི་རྣམ་པ་ཞིག་མངོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྲག་གསུམ་མཚོ་རིག་གནས་ཡུལ་སྐོར་དུས་ཆེན་གཞི་རྒྱ་དེ་ཆུང་བ་ནས་ཆེ་བ་དང་། སྤུས་ཚད་ཞན་པ་ནས་སྟོབས་ཆེར་གྱུར་ཏེ། བོད་ཀྱི་ཡུལ་སྐོར་གྱི་མིང་བྱང་རྫིག་པོ་ཞིག་ཏུ་གྱུར་པ་མ་ཟད། ཉིང་ཁྲིའི་ཚབ་མཚོན་རང་བཞིན་ཆེ་ཤོས་ལྡན་པའི་ཡུལ་སྐོར་དུས་ཆེན་གྲས་ཤིག་ཏུའང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།