དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི“གསར་བརྗེ+”ཕྱོགས་འདུས་ཡུལ་སྐོར་ལམ་ཐིག་ཐོག་མ་དངོས་སུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-21

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ལྗོངས་ནང་ཁུལ་གྱི་རྐང་འཛིན་ཡུལ་སྐོར་ཁེ་ལས་10དང་ལྗོངས་ཕྱི་ནང་གི་སྨྱན་སྦྱོར་ཚན་པ13སྒྲིག་འཛུགས་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་སྦྲགས། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི“གསར་བརྗེ+”ཕྱོགས་འདུས་ཡུལ་སྐོར་ཐོན་རྫས(ལམ་ཐིག)ཐོག་མ་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། དམིགས་བསལ་གྱི་སློབ་གསོའི་དོན་སྙིང་ལྡན་པའི་རིག་གནས་ཡུལ་སྐོར་ལ་འགྲོ་མཁན་མང་དུ་སོང་བ་དང་སྦྲགས། བརྗོད་དོན་གཙོ་བོའི་གྲས་ཤིག་ཏུའང་རིམ་གྱིས་འགྱུར་བཞིན་ཡོད། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ལྷ་ས་དང་ཉིང་ཁྲིའི་གསར་བརྗེའི་མཛེས་ལྗོངས་ཁུལ་མང་པོ་ཞིག་གཅིག་འདུས་བྱས་ཏེ། “གསར་བརྗེའི་ཡུལ་སྐོར་གནའ་འབྲེལ”བཙུགས་ནས་ལྷ་ས་ནས་བྲག་གསུམ་མཚོ་དང་། ཀླུ་ནང་། སྤོ་བོ་བཅས་བར་གྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་པ་དང་དུས་མཚུངས། ལམ་རྒྱུད་ཀྱི་སྣོད་བཅུད་ཡུལ་སྐོར་དང་གྲོང་གསེབ་ཀྱི་ཡུལ་སྐོར་གཅིག་ཏུ་སྦྲེལ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་རྣམ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་རེད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས་ངོ་སྤྲོད་བྱས་དོན། མིག་སྔར། སྤོ་བོའི་གསར་བརྗེའི་ཡུལ་སྐོར་ལ་དེ་མཚུངས་ཀྱི་ཐོན་རྫས་དང་ཆེད་ལས་ཤེས་ལྡན་མི་སྣ་མི་འདང་བས། སྤོ་བོ་རྫོང་གིས“བཙན་པོ་འཁྲུངས་ཡུལ”དང“འཁྱགས་རོམ་གྱི་ཡུལ་ཁམས”སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཁར། ཁྱད་ལྡན་སྣོད་བཅུད་ཡུལ་སྐོར་དང་། གྲོང་གསེབ་ཀྱི་ཡུལ་སྐོར། གསར་བརྗེའི་རིག་གནས་བཅས་ཟུང་འབྲེལ་ནུས་ལྡན་བྱས་ཏེ་རྣམ་པ་འདྲ་མིན་གྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གསར་གཏོད་བྱ་རྒྱུ་དང་། གསར་བརྗེའི་ཡུལ་སྐོར་གྱི་འགྲེལ་བཤད་པ་ཡག་པོ་ལྔའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱས་ཏེ། སྤོ་བོའི་གསར་བརྗེའི་ཡུལ་སྐོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། ད་དུང་སྤོ་བོ་རྫོང་གིས་ཁྱིམ་ཚང་མགྲོན་ཁང་གི་རྨང་གཞིའི་ཐོག དམངས་གཉེར་ཞག་སྡོད་ཁང་རྩེ་གྲ་འཕེལ་རྒྱས་གཏོང་རྒྱུ་དང་ཞིང་རའི་ཕྱོགས་བསྡུས་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ནུས་པ་སྔར་བས་མཐོ་རུ་གཏོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤོ་བོ་རྫོང་གིས་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་རིང་། མཚར་དུ་མངའ་བའི་རང་བྱུང་མཛེས་ལྗོངས་ལ་བརྟེན་པ་དང་ཆབས་ཅིག སྣོད་བཅུད་ཡུལ་སྐོར་དང་། གྲོང་གསེབ་ཀྱི་ཡུལ་སྐོར། ཞིབ་སྦྱོང་ཡུལ་སྐོར་སོགས་བརྗོད་དོན་གཙོ་བོའི་ཡུལ་སྐོར་སྣ་ཚོགས་དང་ཟུང་འབྲེལ་བྱས་ནས་ཡུལ་སྐོར་བར་གསར་བརྗེའི་ཡུལ་སྐོར་མྱོང་རོལ་ཐུབ་པ་བྱ་རྒྱུ་དང་དུས་མཚུངས། སྤོ་བོའི་དབྱར་དུས་ཀྱི་སོས་དལ་ལུས་གསོ་དང་བསིལ་ལྗོངས་མྱོང་རོལ་ཡང་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།