དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་ལྟ་དཔྱད་ཆེད་ལས་ཀྱི་ལག་རྩལ་པའི་འགྲན་བསྡུར་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-17

    ཚེས་15ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་སྣོད་བཅུད་ཁོར་ཡུག་ལྟ་དཔྱད་ཆེད་ལས་ཀྱི་ལག་རྩལ་པའི་འགྲན་བསྡུར་ཆེན་པོའི་བྱེད་སྒོ་ལྷ་སར་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་བྱེད་སྒོར། སྣོད་བཅུད་ཁོར་ཡུག་ལྟ་དཔྱད་ཕྱོགས་བསྡུས་འགྲན་བསྡུར་དང་འགྱེད་འཕྲོ་ལྟ་དཔྱད་ཀྱི་ཆེད་དོན་འགྲན་བསྡུར་གཉིས་དབྱེ་ཡོད་ཅིང་། འགྲན་བསྡུར་ནང་ཞུགས་མཁན་གྱི་རིགས་པའི་གཞུང་ལུགས་དང་། སྒྲིག་ཆས་དབྱེ་ཞིབ། སྤུས་ཚད་ཚོད་འཛིན་ལག་རྩལ། གདེང་འཇོག་ལག་རྩལ། ཕྱོགས་བསྡུས་དབྱེ་ཞིབ་ཀྱི་འཇོན་ཐང་བཅས་ལ་གཙོ་གནད་རྟོག་ཞིབ་བྱེད་རྒྱུ་རེད། བྱེད་སྒོ་ཉིན་གསུམ་སྤེལ་རྒྱུ་ཡིན་ཞིང་། ལྗོངས་ཁོར་ཡུག་ལྟ་དཔྱད་ལྟེ་གནས་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཁོར་ཡུག་ལྟ་དཔྱད་ལྟེ་གནས་དང་སྤྱི་ཚོགས་ལྟ་དཔྱད་སྒྲིག་གཞི་ནས་ཡོང་བའི་རུ་ཁག་20ཡི་མི་102འགྲན་བསྡུར་ནང་ཞུགས་པ་དང་། དེའི་ཁྲོད་ཕྱོགས་བསྡུས་འགྲན་བསྡུར་ནང་ཞུགས་མཁན་དཔུང་ཁག་19དང་ཆེད་དོན་འགྲན་བསྡུར་ནང་ཞུགས་མཁན་དཔུང་ཁག་1ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།