དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འཇོ་མདའ་རྫོང་གིས་སྣོད་བཅུད་དམངས་ཕྱུག་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-16

    ཉེ་བའི་ལོ་ཤས་རིང་འཇོ་མདའ་རྫོང་གིས་ཐོག་མཐའ་བར་གསུམ་དུ“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། རྨོ་སྐྱུར་ནགས་གསོ་དང་ནགས་གསོ་སྔོ་འགྱུར་གྱི་འདུ་འགོད་ལག་ལེན་བསྟར་བས། རྫོང་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་46ཟིན་པ་དང་ཤིང་ནགས་ཁྱབ་ཚད་30.62%ཟིན་ཡོད་པ་རེད།

    གྲོང་ཚོ་རིམ་པའི་སྡོང་ཕྲུག་ར་བ་གཉེར་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ཞིང་། འཇོ་མདའ་རྫོང་གིས་དབོན་པོ་སྡོད་ཤང་དང་། སྤོ་ལོ་ཤང་། ཉ་གཤིས་ཤང་། སྐམ་ཐོག་གྲོང་རྡལ་བཅས་ལ་མ་དངུལ་སྒོར་ཁྲི་479བཏང་ནས་མུའུ་132ཡོད་པའི་མཉམ་སྡེབ་སྡོང་ཕྲུག་ར་བ་བསྐྲུན་པ་དང་། ཤིང་སོན་འདེབས་སའི་དྲོད་ཁང་ཆེ་མོ་3གསར་སྐྲུན་བྱས་ཏེ་ཤིང་སོན་སྡོང་རྐང་ཁྲི་40བཏབ་ཡོད། མིག་སྔའི་བར་ཤིང་སོན་རྐང་ཁྲི་23ཉོས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་162ཀྱི་མི་811ལ་སྐུལ་ཁྲིད་བྱས་པར་ཡོང་འབབ་སྒོར་ཁྲི་69བྱུང་ཡོད་པ་རེད།

    སྣོད་བཅུད་རྣམ་གྲངས་བསྐྲུན་པས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཞིང་། འཇོ་མདའ་རྫོང་གིས་ནགས་ཚལ་གསོ་སྐྱོང་རྣམ་གྲངས་མུའུ་ཁྲི་14.3ལག་ལེན་བསྟར་ཏེ་ངལ་རྩོལ་གླ་ཆ་སྒོར་ཁྲི་1647.96སྤྲད་པ་དང་། ནགས་ཚལ་སླར་གསོ་དང་ནགས་གསོ་མུའུ་26280བྱས་ཏེ་ངལ་རྩོལ་གླ་ཆ་སྒོར་ཁྲི་845.28སྤྲད་པས་མི་འབོར་དབུལ་པོའི་དུད་ཚང་956གི་མི་4118ལ་འབབ་འཕར་བྱུང་ཡོད་པ་རེད།

    ལས་གནས་འགན་སྒྲུབ་ལ་དམ་འཛིན་བྱས་པས་རྫོང་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། འཇོ་མདའ་རྫོང་གིས《འཇོ་མདའ་རྫོང་གི་སྣོད་བཅུད་དབུལ་སྒྲོལ་ལས་གནས་དོ་དམ་བྱ་ཐབས》སོགས་དོ་དམ་གྱི་ལམ་ལུགས་ཁག་བདུན་བཟོས་པ་དང་། རྫོང་ཡོངས་ནས་སྣོད་བཅུད་ཁ་གསབ་ལས་གནས་ཐོག་མི་22657བསྡུས་པ་དེ་དག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དང་ཐག་རིང་དུད་ཚང་ཁག་གཅིག་ལ་ཁྱབ་ཡོད། རྫོང་དེའི་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྤྱི་ཕན་ནགས་ལས་ཆེད་ལས་ཀྱི་དོ་དམ་ལྟ་སྐྱོང་ས་ཚིགས་ཀྱི་དོ་དམ་ལྟ་སྐྱོང་བ་52ཆེད་མངགས་གདན་ཞུ་བྱས་ནས་དུས་བཀག་བཞིན་ནགས་ཁུལ་སྐོར་ཞིབ་སྲུང་སྐྱོང་ལས་དོན་སྤེལ་བ་དང་། དུས་ཐོག་ཏུ་སྐོར་ཞིབ་སྲུང་སྐྱོང་བྱེད་ཚུལ་ཐོ་བཀོད་ནས་ནགས་ལས་ལས་གནས་སྣ་ཚོགས་ཀྱི་ལས་འགན་གཙང་སྒྲུབ་བྱེད་ཚུལ་ཀྱི་རྩིས་ཐོ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ། འཇོ་མདའ་རྫོང་སྣོད་བཅུད་ཁ་གསབ་ཚོགས་ཆུང་གིས་ལོ་ཕྱེད་རེར་སྣོད་བཅུད་ཁ་གསབ་ལས་གནས་ཀྱི་མི་སྣའི་ལས་སྒྲུབ་བྱེད་ཚུལ་ལ་དཔྱད་ཞིབ་ཐེངས་རེ་བྱེད་པ་དང་། ཤང(གྲོང་རྡལ)ཁག་གིས་དུས་ཚིཌ་རེར་དཔྱད་ཞིབ་ཐེངས་རེ་བྱས་ནས་དཔྱད་ཞིབ་བྱས་འབྲས་ལ་གཞིགས་ཏེ་ལས་གནས་མ་དངུལ་དུས་ཐོག་ཏུ་སྤྲོད་ཀྱི་ཡོད། ལོ་གསུམ་རིང་རིམ་རྩིས་བྱས་ན། སྣོད་བཅུད་ཁ་གསབ་གྱི་ལས་གནས་ལ་མ་དངུལ་སྒོར་དུང་ཕྱུར་1.3ལྷག་ཙམ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།