དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱིས་དྭངས་གཙང་འཐུང་ཆུའི་བྱ་སྤྱོད་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-08-16

    ཚེས་12ཉིན་གྱི་ཕྱི་དྲོ་རང་ལྗོངས་ཀྱིས་དྭངས་གཙང་འཐུང་ཆུའི་བྱ་སྤྱོད་ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་གན་འཇོག་མཛད་སྒོ་སྤེལ་ནས་བོད་ལྗོངས་ཞོལ་ཆོན་ཀྲི་འཐུང་ཆུ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་བོད་ལྗོངས་སློབ་ཆེན་དང་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་མིང་རྟགས་བཀོད་པ་དང་བྱང་བུ་སྤྲད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “དྭངས་གཙང་འཐུང་ཆུ”ནི་རིམ་པ་གོང་མའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་གཤམ་འོག་གི་འབངས་མི་སེར་ལ་ཕན་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པས། བོད་ལྗོངས་ཞོལ་ཆོན་ཀྲི་འཐུང་ཆུ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་ནི་བོད་ཀྱི་རང་འབབ་ཆུ་ཀ་ལའི་ཆུ་སྤུས་རིམ་སྤོར་ལེགས་གཏོང་ལ་གཞོལ་མཁན་ཚན་རྩལ་རྣམ་པའི་ཁེ་ལས་ཐོག་མ་དེ་ཡིན་པ་རེད། ཀུང་སི་དེས་“ངས་རིམ་སྤོར་ལེགས་གཏོང་ལ་གཞོལ་བ་དང་། ཁྱེད་ཀྱིས་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་འཐུང་བའི”འདུ་ཤེས་རྒྱུན་འཛིན་བྱས་ནས་རང་འབབ་ཆུ་ཀ་ལ་དྭངས་གཙང་ཡོང་བར་བྱས་ཐོག་ཆུ་སྤུས་དྲ་ཐོག་ནས་ལྟ་ཞིབ་ཚད་ལེན་བྱེད་པ་དང་། དྲ་ཐོག་ནས་དངུལ་སྤྲོད་པ། བཙོངས་རྗེས་ཀྱི་དོ་དམ་སོགས་བྱེད་ནུས་གཞི་གཅིག་ཅན་གྱི་མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་ཆ་ཚང་ཞིག་རང་བརྟེན་ཞིབ་སྤེལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།