ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས“སྤུས་རྟགས་ཅན”གྱི་མཛེས་ལྗོངས་ཁུལ་བཏོད་པར་བརྟེན། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། དེ་དང་ཆབས་ཅིག་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལས་ཞིང་འབྲོག་ལས་དང་། བཟའ་བཅའི་ལས་སྣོན་ལས་རིགས་སོགས་ལ་སྣེ་ཁྲིད་ཐུབ་ཡོད། རང་ལྗོངས་ཀྱི་ཡུལ་ཟོག་ཐོན་རྫས་ཁེ་ལས་འབོར་ཆེན་ཞིག་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དཔྱིད་རླུང་ཁྲོད་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། འདི་ནི་བོད་ལྗོངས་ཆི་ཧྲེང་ཁྱད་ལྡན་ཡུལ་ཟོག་ཐོན་རྫས་ཚད་ཡོད་ཀུང་སིའི་ལས་མིས་འཁོར་ཁང་ནང་བཙོས་ཟིན་པའི་ཚགས་ཤ་དབྱེ་བ་འབྱེད་བཞིན་པ།