དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ལོ་སྟོད་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-23

    ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་འདི་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20.2%འཕར་བ་དང་། དེའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་11.86ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་53.5%འཕར་བ། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1329.11སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20%འཕར་ཡོད། 

    འདི་ལོའི་ལོ་སྟོད་དུ་བོད་ཀྱི་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་149.36ཟིན་པ་དེ་དུས་མཚུངས་ལས་19.8%འཕར་ཡོད། 

    ཞིང་འབྲོག་པ་དེ་བས་མང་བ་ཡུལ་སྐོར་ཐོན་ལས་ནང་ཐད་ཀར་ཞུགས་པ་མ་ཟད། ཕན་པ་ཡང་ཐོབ་ཅིང་། ལྷ་སའི་སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོ་རྒྱལ་ལམ་109ཡི་འགྲམ་དུ་སྤོས་པ་དང་། གྲོང་ཚོའི“བདེ་སྐྱིད་བོད་ཁྱིམ”དམངས་གཉེར་མགྲོན་ཁང་རྩེ་གྲར་ཡུལ་སྐོར་བ་དེ་བས་མང་པོའི་ཡིད་དབང་འཕྲོག་ནས་འདི་ལོའི་དུས་ཚིགས་དང་པོར་ཡུལ་སྐོར་བ་མི་ཐེངས་7000ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། “བདེ་སྐྱིད་བོད་ཁྱིམ”གྱིས“སྲིད་གཞུང་དང་ཁེ་ལས་དང་མཉམ་ལས་ཁང”བཅས་ཟུང་འབྲེལ་གྱི་ཐོན་ལས་དབུལ་སྐྱོར་གྱི་རྣམ་པ་སྤྱད་པས་ཡུལ་གཞན་དུ་གནས་སྤོས་དུད་ཚང་100དང་མི་གྲངས་413ལ་ངལ་ནུས་རང་བཞིན་གྱི་ཡོང་འབབ་དང་། གཉེར་སྐྱོང་ཡོང་འབབ། རྒྱུ་ནོར་ཡོང་འབབ་བཅས་བྱུང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།