དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་བྱང་སྐོར་ལམ་གྱི་རྩེར་སོན་ཡུལ་སྐོར་ལམ་ཐིག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-17

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས《ལྷ་སའི་བྱང་སྐོར་ལམ་དུ་སྨྱན་སྦྱོར་ཚན་པའི་བཅར་འདྲིའི་བྱེད་སྒོའི》ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གནམ་མཚོ་སོགས་ཀྱི་རྩེར་སོན་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་གནད་དུ་བྱས་པའི་རིམ་མཐོའི་རྩེར་སོན་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་དེ་ནུས་ཤུགས་ཡོད་རྒུས་ལྷ་སའི་བྱང་སྐོར་ལམ་གྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཞན་ཞིག་གཏོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་གསལ། ད་ཐེངས་གནམ་མཚོ་གཙོ་བོར་བྱས་པའི་ལྷ་སའི་བྱང་སྐོར་ཡུལ་སྐོར་ལམ་ལ་ཉིན་6དང་མཚན་མོ་5འགོར་བ་དང་། དེའི་ནང་ཚལ་སྣེ་དང་ཐོན་པས་གཙོ་བོར་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་དང་། ཡངས་པ་ཅན་དང་འདམ་གཞུང་རྟ་རྒྱུག་ཐང་སོགས་གཙོ་བོར་བྱས་པའི་རྩྭ་ཐང་ཡུལ་སྐོར། མལ་གྲོ་གུང་དཀར་རྫོང་གྲོང་དང་། གཟི་བྱིན་ལྷ་མཚོ། རྒྱ་མ་ལུང་ཤུར། སྟག་རྩེ་བཅས་གཙོ་བོར་བྱས་པའི་དམངས་སྲོལ་ཡུལ་སྐོར་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་དང་ལམ་ཐིག་རྩེ་གྲ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།