དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་109ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-15

    ཉེ་དུས་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱི་སྣེ་ལེན་ཁག་གི་དམིགས་ཚད་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་ཡོད། འདི་ལོ་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཆེས་ཆེར་འཕར་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་641.71ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18.72%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་109.07ཟིན་པ་དེ་དུས་མཚུངས་ལས་25.46%འཕར་ཡོད་པ་རེད།

    འདི་ལོ་ཟླ་དང་པོ་ནས་དྲུག་པ་བར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པ་དང་འཁོར་སྐྱོད་བདེ་འཇགས་བརྟན་པོ་བྱུང་ཞིང་། གཙོ་གནད་ཐོག་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་གཞི་རྟེན་དུ་བྱེད་པ་དང་། “དགུན་དུས་ལྷ་སར་ཡུལ་སྐོར་བྱ་རྒྱུའི”ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ། ཡུལ་སྐོར་གྱི་ཐོན་ཁུངས་ཁག་བསྡུ་སྒྲིལ་བྱེད་པ། དུས་ཆེན་གྱི་རྣམ་པ་ལྡན་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་ཡོངས་སུ་སྐད་གྲགས་ཆོད་པའི་དུས་ཆེན་གྱི་བྱེད་སྒོ་ཞིག་སྤེལ་ནས་ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོ་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།