དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་འགག་ཡུལ་སྐོར་དངོས་མང་སྟོན་ཚོཌ་ཆབ་མདོ་འགྲེམས་ཁང་གིས་ཡུལ་སྐོར་བ་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-19

    ཉིན་ཤས་གོང་། སྐབས་བཅོ་ལྔ་པའི་མཚོ་འགག་ཡུལ་སྐོར་དངོས་མང་སྟོན་ཚོགས་དང་2019ལོའི་སྐབས་ལྔ་པའི་ཀྲུང་གོའི(ཞ་མོན)རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་དངོས་མང་སྟོན་ཚོགས་ཧྥུའུ་ཅན་ཞ་མོན་དུ་འཚོགས་པ་རེད། ཆབ་མདོའི་འགྲེམས་ཞུགས་ཚོགས་པས་ཆབ་མདོ་གྲོང་ཁྱེར་གྱི་གཟུགས་བརྙན་དྲིལ་བསྒྲགས་འགྲེམས་སྟོན་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་དམིགས་ནས་ཆབ་མདོའི་འགྲེམས་ཁང་འོས་སྦྱོར་ངོ་སྤྲོད་དང་ཁྱབ་གདལ། འཛུགས་པ་བཅས་བྱས་ཏེ་སྤོས་དང་། བོད་སྨན། གསེར་དངུལ་རྒྱན་ཆ་སོགས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དང་། རིག་གནས་ཡུལ་སྐོར་གྱི་གསར་གཏོད་ཐོན་རྫས་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ལ། ས་གནས་ས་ཐོག་ཏུ་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2.6ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད།

    ད་ཕན་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རིག་གནས་དབུལ་སྐྱོར་ཁེ་ལས་ལྗོངས་ཕྱི་ནང་གི་ཚད་གཞི་མཐོ་བ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་རིག་གནས་ཡུལ་སྐོར་གྱི་ངོ་སྤྲོད་འོས་སྦྱོར་འགྲེམས་སྟོན་བྱེད་སྒོའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་། དེའི་དམིགས་ཡུལ་ནི་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཁེ་ལས་ལ་སྤུས་ལེགས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་དང་། འགྲེམས་སྟོན། འོས་སྦྱོར། སྤེལ་རེས་བཅས་ཀྱི་ལས་སྟེགས་བཏོད་དེ་ཁྲོམ་རའི་དགོས་མཁོ་སྔར་བས་ལེགས་པའི་ངང་ཤེས་རྟོགས་ལ་རོགས་རམ་བྱེད་པ་དང་། ཚོང་ལས་ཀྱི་མཉམ་ལས་རོགས་ཟླ་འཚོལ་བ། བྲིན་འཚོང་ལ་འཚམ་པའི་ཐོན་རྫས་གསར་སྤེལ་བྱེད་པ། འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་གཏོང་བ། ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་དབུལ་པོ་དེ་བས་མང་བ་ལས་ཞུགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།