དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་དྭངས་གཙང་ནུས་རྒྱུའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཉིང་ཁྲིར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-18

    ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གོའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་སློབ་ཚོགས་དང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་གཙོ་གཉེར་བྱས་པའི་བོད་ཀྱི་དྭངས་གཙང་ནུས་རྒྱུའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཉིང་ཁྲིར་འཚོགས་པ་རེད། མཐོ་རིམ་སློབ་གླིང་དང་། ཚན་ཞིབ་སྒྲིག་གཞི། འབྲེལ་ཡོད་ཚན་པ་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་80ལྷག་ཙམ་གྱིས་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས། རིག་གཞུང་སྙན་ཞུ་སྤེལ་བ་དང་། གླེང་སྟེགས་ཐོག་སྐད་ཆ་ཤོད་རེས་བྱེད་པ། བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་བོད་ཀྱི་དྭངས་གཙང་ནུས་རྒྱུའི་སྐོར་ལ་གླེང་མོལ་དང་སྤེལ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།