དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ཆུའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-16

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་སྡེ་ཚན་ནས་ཤེས་རྟོཌ་བྱུང་གསལ། བོད་རང་སྐྱོང་ལྗོངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཆུའི་སྣོད་བཅུད་ཤེས་དཔལ་འཛུཌ་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། 2018ལོར་བོད་རང་སྐྱོང་ལྗོངས་ཀྱིས་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་421བཅོས་སྐྱོང་བྱས་པ་དང་ལོར་ཆུའི་ཐོན་ཁུངས་གྲོན་དངུལ་སྒོར་ཁྲི་5000ལྷག་ཙམ་བསྡུས་པ་དེ་དུས་མཚུངས་ལས་57%མང་དུ་ཕྱིན་ཡོད། ས་ཆུ་སྲུང་འཛིན་གྱི་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར་1.3བསྡུས་པ་དེ་དུས་མཚུངས་ལས་78%མང་དུ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་ཀྱིས་ཆུ་ཁུངས་ས་ཆ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཐུང་ཆུའི་ཆུ་ཁུངས་ས་ཆ་གལ་ཆེན་གྱི་བདེ་འཇགས་འགན་ལེན་གྱི་ཚད་གཞི་འཛུགས་པ་དང་ཞིབ་བཤེར་དཔྱད་དཔོག་ལས་དོན་སྤེལ་རྒྱུ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཆུ་རྒྱུད་སྟོད་སྨད་ཀྱི་སྣོད་བཅུད་ཁ་གསབ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིབ་བཤེར་ཆོག་མཆན་གྱི་འགྲོ་ལུགས་ཆ་ཚང་པོ་མེད་པ་དང་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་གློག་ཁང་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ་གྲོང་གསེབ་གློག་ཁང་གི་སྣོད་བཅུད་ཁོར་ཡུག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ། ས་ཆུ་ཤོར་བའི་འགུལ་རྣམ་གྱི་ལྟ་ཞིབ་ཚད་ལེན་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་དང་། ཁྲིམས་འགལ་བྱེད་སྤྱོད་ཀྱི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ས་ཆུར་གཏོར་སྐྱོན་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་མཐའ་གཅིག་ཏུ་བཀག་འགོག་དང་ཆད་གཅོད་བྱ་རྒྱུ། ས་ཆུ་ཤོར་རིགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཤུགས་ཆེན་སྤེལ་ནས་སྣོད་བཅུད་དྭངས་གཙང་གི་ཆུ་རྒྱུག་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་2019ལོར་ས་ཆུ་ཤོར་རིགས་བཅོས་སྐྱོང་བྱེད་ཁྱོན་སྤྱི་ལེ་ངོས་གྲུ་223ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།