དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ས་མཐོའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཡག་པོ་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-06-05

    བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ཚེས་1ཉིན《2018ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》བཀྲམ་པ་དེ་ཆུ་དང་། མཁའ་རླུང་། སྒྲ། སྲ་གཟུགས་སྙིགས་རོ། འགྱེད་འཕྲོ། སྤང་ལྗོངས། ནགས་ཚལ། འདམ་ར། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཀྱི་གཞི་རྩའི་གནས་ཚུལ་དང་འབྲེལ་བ་ཡོད་ཅིང་། སྤྱི་བསྒྲགས་ལས་བོད་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཆའི་གྲས་ཤིག་ཡིན་པ་མངོན་གྱི་ཡོད།

    བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐེན་ཧྭས་ངོ་སྤྲོད་བྱས་པ་ལྟར་ན། 2018ལོར་ལྟ་ཞིབ་ཚད་ལེན་ནང་བཅུག་པའི་བོད་ཀྱི་གཙང་པོ་དང་མཚེའུའི་སྤྱིའི་ཆུ་སྤུས་དེ《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི》(GB 3838-2002)IIIརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་དང་། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས་སྤྱིའི་ཆ་ནས་བདེ་འཇགས་ཡིན་པ། གྲོང་ཁྱེར་གྱི་བསྐྲུན་ཁུལ་དུ་ཆུ་རྙོག་ཆུ་རུལ་མེད་པ། ས་ཁུལ(གྲོང་ཁྱེར)7གྱི་མཁའ་རླུང་སྤུས་ཚད་ཀྱི་ཆ་སྙོམས་ལེགས་ཚད་98.2%ལ་སླེབས་པ་དེ་2017ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་0.7འཕར་བ། འགྱེད་འཕྲོའི་ཁོར་ཡུག་སྤུས་ཚད་ལེགས་པོ་རྒྱུན་མཐུད་ཐུབ་ཡོད་པ་རེད།

    སྤྱི་བསྒྲགས་ལས་མངོན་པ་ལྟར་ན། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པ་དང་། 2018ལོར་ལྗོངས་ཡོངས་ཀྱི་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་98.2%ཡིན་པ་དེ་2017ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་0.7མཐོ་རུ་ཕྱིན་ཡོད། ཇོ་མོ་གླང་མའི་ཁུལ་གྱི་མཁའ་རླུང་སྤུས་ཚད་མུ་མཐུད་ལེགས་པའི་གནས་སྟངས་རྒྱུན་འཁྱོངས་ཐུབ་ནས་རིམ་པ་དང་པོའི་ཚད་གཞིར་སླེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།