དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་གི་རྣམ་པ་རགས་ཙམ་ཆགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-04

    གཞིས་རྩེ་གྲོང་ཁྱེར་གྱི་བོད་ལྗོངས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་དུ་སྐྱོད་སྐབས། ཐོག་བརྩེགས་ཅན་གྱི་ཁང་བཟང་རྒྱག་འགོ་ཚུགས་པ་དང་། སྣུམ་ནག་གཞུང་ལམ་ཕྱོགས་བཞིར་འདིང་བ། བཟོ་པ་རྣམས་ཨར་ལས་ལ་བྲེལ་བ། ལྕོག་རིང་ལྗིད་འདེགས་འཕྲུལ་འཁོར་དང་ལམ་བཅག་འཕྲུལ་འཁོར་སོགས་ཀྱིས་རེས་མོས་ངང་ལས་ཀ་བྱེད་པ་བཅས་ལས་ཐོན་ལས་གླིང་གི་རྣམ་པ་རགས་ཙམ་ཆགས་པ་གསར་འགོད་པས་མཐོང་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེའི་གྲོང་ཁུལ་རྙིང་པའི་ནུབ་ངོས་སུ་ཡོད་པའི་བོད་ལྗོངས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་གི་བྱང་ངོས་ཉི་མ་རི་དང་། ལྷོ་ངོས་ཁྲ་ཁོག་རི། ཤར་ངོས་འགྲམ་ཁུལ་ཆུང་བཅས་རེད། གླིང་དེས་ཇོ་མོ་གླང་མའི་སྙིང་སྟོབས་རྩ་བ་དང་། བོད་རིགས་ས་ཁུལ་གྱི་རིག་གནས་བླ་སྲོག ཡུལ་སྐོར་ཐོན་ལས་གཞི་རྟེན་བཅས་སུ་བྱས་ཏེ། “རྒྱུད་གཅིག་དང་། ལྟེ་བ་གཉིས། གཙོ་མདུང་གསུམ། གླིང་བཞི”བཅས་ཀྱི་འཆར་འགོད་ཀྱི་འདུ་ཤེས་གཞིར་བཟུང་། མ་དངུལ་སྒོར་དུང་ཕྱུར་200ཙམ་གཏོང་བ་དང་འཛུགས་སྐྲུན་ལོ་3ནས་5བར་བྱས་ནས་ཇོ་མོ་གླང་མ་ཉམས་ལེན་དང་། ལོ་རྒྱུས་འགྲེམས་སྟོན། རིག་གནས་འཁྲབ་སྟོན། ཡུལ་ཟོག་འགྲེམས་ཚོང་། གློག་བརྙན་དང་བརྙན་འཕྲིན་སྒྲིག་བཟོ། བོད་སྨན་གྱི་ལུས་གསོ། སྤྲོ་གསེང་གླིང་ཁ་སོགས་གསར་གཏོད་ཐོན་ལས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པའི་སྣོད་བཅུད་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ཞིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།

    གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གླིང་དོ་དམ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཆིའུ་ལིན་གྱིས། མིག་སྔར་གླིང་དེའི་དུས་ཐེངས་དང་པོའི་ལྟེ་བའི་ཁུལ་གྱི་གཙོ་གནད་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་འགྲོ་ལམ་རྩ་བའི་ཆ་ནས་བསྐྲུན་ཟིན་པ་དང་། ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་ཀྱི་སྒྲོམ་གཞི་དང་མཛེས་བཟོའི་ལས་གྲྭ་འགའ་ཞིག་ལེགས་གྲུབ་ཟིན་པ། རྟེན་རྫས་བཤམས་མཛོད་ཁང་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་ལྟེ་གནས་དང་ཇོ་མོ་གླང་མའི་རིག་རྩལ་འཁྲབ་སྟོན་ལྟེ་གནས་ཀྱི་སྒྲོམ་གཞི་གཙོ་བོ་བསྐྲུན་ཟིན་པ། ཤང་ཧུའུ་གུང་གསེང་གསོལ་མགྲོན་ཁང་དང་བོད་སྨན་ལུས་གསོ་གསོལ་མགྲོན་ཁང་སོགས་ཀྱང་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ལྟེ་བའི་ཁུལ་གྱི་རྣམ་གྲངས་ཁག་གཅིག་གཅིག་མཇུག་གཉིས་མཐུད་ངང་ལས་མཇུག་འགྲིལ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།